མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བསོད་ནམས་ནོར་བུ་དང་དབྱངས་ཅན་གྱི་རེ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར  2014-06-18 09:53

འདི་ནི་བསོད་ནམས་ནོར་བུས་སྣུམ་འཚག་འཁོར་ཁང་ནང་ལས་ཀ་བྱེད་བཞིན་ཡོད་པ།

འདི་ནི་བསོད་ནམས་ནོར་བུའི་ནང་མི་གསུམ་རྒྱ་ཁྱོན་སྨི་ངོས་གྲུ་20ཡོད་པའི“ཁྱོ་ཤུག་སྡོད་ཁང”ནང་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ།

    གཞིས་རྩེ་ནས་ཡིན་པའི་བསོད་ནམས་ནོར་བུ་དང་དབྱངས་ཅན་ནི“ལོ་རབས་80པའི་ནང་སྐྱེས་པའི”ཞིང་པ་ལས་མི་ཁྱོ་ཤུག་ཤིག་ཡིན་པ་དང་། ཁོང་གཉིས་2003ལོ་དང་2004ལོར་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོད་ལྗོངས་ཧྲེང་བླུ་ཚན་རྩལ་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ལས་ཀར་ཞུགས། མཐོ་རིམ་སློབ་འབྲིང་ཐོན་པའི་བསོད་ནམས་ནོར་བུ་ད་ཆ་ཁེ་ལས་ཀྱི་སྣུམ་འཚག་འཁོར་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཟླ་རེར་ཡོང་འབབ་སྒོར་1600ཡོད། དམའ་རིམ་སློབ་འབྲིང་ལས་འགྲིམས་མྱོང་མེད་པའི་དབྱངས་ཅན་ཐུམ་སྒྲིལ་འཁོར་ཁང་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་ཟླ་རེར་ཡོང་འབབ་སྒོར་1000ཡོད། ཁེ་ལས་དེས་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་པའི་བཟོ་པ་40ཡི་ཁྲོད་ནས་ཁྱོ་ཤུག་10ལ“ཁྱོ་ཤུག་སྡོད་ཁང”སྤྲད། སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་20ལས་མེད་རུང་། ཁོང་ཚོ་ནང་མི་གསུམ་དྲོ་སྐྱིད་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་བཞིན་ཡོད། རང་ཉིད་དཀའ་ལས་རྒྱག་སའི་གྲོང་ཁྱེར་ནང་གྲོང་མི་དངོས་ཀྱི་ཐོབ་ཐང་ཞིག་རག་པ་བྱ་རྒྱུ་ནི་ཞིང་པ་ལས་མི“མི་རབས་གསར་པ”དེའི་འདུན་པ་ཆེ་ཤོས་རེད། ལས་ཀ་དཀའ་ལས་ཁག་པོ་ག་ཚོད་ཡོད་རུང་། བསོད་ནམས་ནོར་བུ་དང་དབྱངས་ཅན་གྱིས་སྡུག་རུས་བྱས་ཚེ། རེ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག