མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དངུལ་རྩའི་ཞབས་ཞུས་རང་ལྗོངས་ཀྱི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་འཕེལ་རྒྱས་ཆེན་པོ་ཡོང་རོགས་བྱས་པ།

ཟླ་བ་བཞི་པའི་ཟླ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་500ཙམ་ཟིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་དངུལ་རྩའི་སྡེ་ཚན་གྱིས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་དངུལ་རྩའི་ཞབས་འདེགས་ཞུ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། 2014ལོའི་ཟླ་བ་བཞི་པའི་ཟླ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་492.76ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་89.99%འཕར་བ་དང་ལོ་གོང་མའི་དུས་མཚུངས་སུ་ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གཏོང་ཚད་ལས་བརྒྱ་ཆའི་གྲངས་26.78མཐོ་རུ་ཕྱིན་ཡོད་པ་དང་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་གྱིས་དངུལ་བུན་ལྷག་གྲངས་ཁག་གི་39.05%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.51འཕར་ཡོད་པ་རེད།

    སྲིད་ཇུས་ལེགས་སྒྲིག་བྱས་ནས་ཁྱབ་ཁོངས་ཆེ་རུ་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཀྲུང་གོ་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་དབུལ་སྐྱོར་སྐྱེད་གསབ་ཡིད་རྟོན་དངུལ་བུན་སྲིད་ཇུས་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་བ་ལས་རྫོང་དང་རྫོང་མན་གྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཚང་མར་དབུལ་སྐྱོར་འགན་འཁྲི་གསལ་བཟོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། སྲིད་ཇུས་ལེགས་སྒྲིག་བྱས་པ་བརྒྱུད་རང་ལྗོངས་ཀྱི་རྫོང་དང་རྫོང་མན་གྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་བཏང་བའི་དངུལ་བུན་གྱི་སྐྱེད་ཀ་4.02%ནས་1.08%བར་ཆག་ཡོད་པ་རེད།

    ལམ་སྲོལ་བཙུགས་ནས་ཁོར་ཡུག་ལེགས་སུ་བཏང་ཞིང་། ཚོང་ལས་དངུལ་ཁང་ཁག་གིས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་དངུལ་རྩའི་ཞབས་འདེགས་ཞུ་རྒྱུ་དེ་ལོ་ཧྲིལ་པོའི་ལས་དོན་གལ་ཆེན་ནང་གི་འགངས་ཆེར་བརྩིས་ཏེ་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

    2013ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁེ་ལས་ཀྱི་ཡིད་རྟོན་གྲོས་འདྲི་མ་ལག་གིས་ལྗོངས་ཡོངས་ཀྱི་ཁེ་ལས་བྱ་གཞག་ཚན་པ་དང་དེ་བཞིན་དཔལ་འབྱོར་རྩ་འཛུགས་གཞན་དག་6883གྱི་གནས་ཚུལ་བསྡུ་འགོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.6%འཕར་བ་དང་། རིམ་རྩིས་བྱས་ན་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་2460ལ་ཡིད་རྟོན་ཡིག་ཚགས་བཟོས་པ། དངུལ་བུན་གཱ་393སྤྲོད་རྒྱུའི་འགྲོ་ལུགས་གཉེར་བ། དངུལ་བུན་གཱ་1157ལ་ལོ་བཤེར་བྱས་པ། ཡིད་རྟོན་ཚབ་རྟགས་ལག་ཁྱེར་5240སྤྲད་ཡོད་པ་རེད།

    མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་ཚུལ་ལེགས་སུ་བཏང་ཞིང་། དངུལ་རྩའི་མ་ལག་གིས་འབྲེལ་ཡོད་སྡེ་ཚན་ཁག་དང་འབྲེལ་གཏུག་དང་། མཐུན་སྦྱོར། གཞོགས་འདེགས་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྡེ་ཚན་ཁག་དང་སྲིད་ཇུས་ཐོག་ནས་མཐུན་སྦྱོར་དང་ལས་དོན་ཐོག་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་གཞོགས་འདེགས་ཧུར་ཐག་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་དངུལ་རྩའི་ཞབས་ཞུ་ལྟེ་གནས་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད་པ་རེད།

    ཉེ་བའི་ལོ་གསུམ་རིང་རང་ལྗོངས་ཀྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་དངུལ་བུན་གཏོང་བའི་ཐད“མི་དམའ་བ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ལ་དངུལ་བུན་ཁག་ནང་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་དངུལ་བུན་གྱིས་བཟུང་བའི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཡིད་རྟོན་གྲུབ་ཆ་ལེགས་སྒྲིག་ཏན་ཏིག་བྱས་ཡོད། 2012ལོའི་ལོ་མཇུག་ཏུ་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་193ཟིན་པ་དེས་དངུལ་བུན་ཁག་གི་29%བཟུང་བ་དང་སྔོན་དཔག་བྱས་ན་2014ལོའི་ཟླ་ལྔ་པའི་ཟླ་མཇུག་ཏུ་སླེབས་སྐབས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་500ལས་བརྒལ་ནས་ལོར་འགོར་གཏན་ལ་ཕབ་པའི་ལོ་ཧྲིལ་པོའི་སྤྱི་འབོར་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཡོང་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག