མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྦྲ་ཆེན་རྫོང་གིས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ལས་སྒོ་གསོ་སྦྱོང་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་སྦྲ་ཆེན་རྫོང་གིས“གཞི་གྲངས་འཚོལ་བསྡུ་དང་མཉེན་ཆས་བཀོལ་སྤྱོད”ནང་དོན་གཙོ་བོར་བྱེད་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་འབྲེལ་ཡོད་ལས་སྒོ་གསོ་སྦྱོང་བྱས་ནས་ཤང(གྲོང་རྡལ)ཁག་གི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ལས་སྒོ་སྒྲུབ་མཁན་མི་སྣའི་ལས་སྒོའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་བ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ལག་བསྟར་བྱེད་པའི་དུས་འགོའི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྦྲ་ཆེན་རྫོང་གི་ཤང(གྲོང་རྡལ)ཁག་གི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ལས་སྒོ་སྒྲུབ་མཁན་ཁྱོན་མི་20གསོ་སྦྱོང་ནང་ཞུགས་ཤིང་། གསོ་སྦྱོང་བྱེད་རིང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་མཉེན་ཆས་དང་། གཞི་གྲངས་འཚོལ་བསྡུའི་གོ་རིམ། རྒྱུན་གཏན་གྱི་འགྲོ་གྲོན་བསྡུ་བའི་གོ་རིམ། དམིགས་བསལ་ཐོབ་ཐང་ལྡན་པའི་མི་སྣའི་འགྲོ་གྲོན་བསྡུ་བའི་གོ་རིམ་དང་དེ་བཞིན་མི་སྒེར་གྱི་རྩིས་ཐོ་རྩིས་བཤེར་སོགས་ངོ་སྤྲོད་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག