མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མགོན་པོ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། ལྟ་སྐུལ་འཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་སྐབས་གནད་དོན་བཤེར་འདོན་དང་སྐྱོན་བརྗོད་ཀྱི་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་དགོས་པ་དང་། “སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པ་སོགས་ཐད་ཀྱི་མི་འདང་སར་དབྱེ་ཞིབ་དང་བརྟག་དཔྱད་གཏིང་ཟབ་བྱེད་དགོས་པ། དོན་འཁྱོལ་བྱ་རྒྱུར་དག་ཐེར་ནན་ཏན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པས་འཕེལ་རྒྱས་དང་བརྟན་ལྷིང་གི་གྲུབ་འབྲས་གསར་པར་ཞིབ་དཔྱད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    མགོན་པ་བཀྲ་ཤིས་དང་བཅས་པ་གཞིས་རྩེ་གྲོང་ཨུད་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དུ་ཕེབས་ནས་གྲོང་ཨུད་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་གྱི་འབྲེལ་ཡོད་ཡིག་ཚགས་ལ་གཟིགས་བཤེར་ཞིབ་ཚགས་བྱས་པ་དང་ལས་དོན་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱིས་གནད་དོན་བཤེར་འདོན་དང་སྐྱོན་བརྗོད་དུས་རིམ་གྱི་ལས་དོན་ཁག་སྤེལ་ཚུལ་ཞིབ་ཕྲ་མཁྱེན་རྟོགས་གནང་བ་དང་སྦྲགས་གྲོང་ཨུད་ཚན་ཁག་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    མགོན་པོ་བཀྲ་ཤིས་ཀྱིས་གཞིས་རྩེ་གྲོང་ཁྱེར་ལ་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྲིད་དབང་རྩ་འཛུགས་ཁྲོད་གནས་བབ་དང་ཤུགས་རྐྱེན་གལ་ཆེན་ལྡན་ཡོད། སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད“ཅའོ་ཡུས་ལུ་ཡི་སྙིང་སྟོབས”དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྣེ་ཁྲིད་དེ་སློབ་སྦྱོང་དང་དར་སྤེལ་གཏོང་དགོས་པ་དང་། དེ་བས་ནན་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་དེ་བས་མཐོ་བའི་རེ་བ་བཏོན་ནས་གྲུབ་འབྲས་དེ་བས་ལྷག་པ་ཐོབ་པ་བྱས་ཏེ་སྤུན་ཟླའི་རྫོང་ལ་དཔེ་སྟོན་ཐུབ་པ་བྱེད་དགོས། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་མིག་སྔའི་འཕེལ་རྒྱས་བརྟན་ལྷིང་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་ཀ་ལག་གཉིས་ཀྱིས་འཛིན་པ་དང་། གཉིས་འཐུས་ཤོར་དུ་མི་འགྲོ་བ། སྐུལ་འདེད་གཉིས་བཅས་རྒྱུན་འཁྱོངས་བྱས་ཏེ་སྔར་བས་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་དང་། “སྤྱོད་ཚུལ་བཞིར”ངོ་རྒོལ། སྤྱོད་ཚུལ་ལེགས་གཏོང་བཅས་ཀྱི་གྲུབ་འབྲས་ངོ་མ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཐད་མངོན་ཐུབ་པ་བྱེད་དགོས་པ་དང་། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐོག་མངོན་པ་བྱེད་དགོས་པ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་ཐུན་མོང་ཐོག་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག