མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ལས་སྟེགས་ཆུང་ངུར”བརྟེན་ནས“དམངས་འཚོ་ཆེན་པོ”བཏོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དམངས་འཚོའི་ཉེན་དོན་ཞབས་ཞུ་བཏོད་པའི་སྐོར་གྱི་དངོས་བྲིས།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-17 10:53

    འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“དམངས་ཀྱི་རེ་འབོད་ཉན་པ་དང་།དམངས་ཀྱི་འདོད་བློ་དྲི་བ།དམངས་ཀྱི་འདོད་བློ་ཤེས་ཐབས་བྱེད་པ།དམངས་ཀྱི་སེམས་ཁྲལ་སེལ་བ།དམངས་ཀྱི་དཀའ་གནད་སེལ་བ”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་དྲ་རྒྱའི་ཤུགས་རྐྱེན་ནུས་པར་གང་ལེགས་བརྟེན་ནས་ཉིང་ལག་རུ་དཔོན་གྱི་ཡིག་སྒམ་དང་ཁྲིམས་འཛིན་ལྟ་སྐུལ་གྱི་དཔོད་ཆུང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འགྲིམ་འགྲུལ་ཉེན་རྟོག་པའི“ནུས་ཆེ་དང་།དོན་གཉེར།ཚད་ལྡན”བཅས་ཀྱི་གཟུགས་བརྙན་བཟང་པོ་བཏོད་པ་རེད།

    གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅོས་སྐྱོང་བ།

    “སྐུ་ཁམས་བཟང་།ཁྱེད་ཀྱི་རླངས་འཁོར་གྱི་ལྗིད་ཚད་ཏུན་5ལས་བརྒལ་འདུག་པས།ལམ་བསྐོར་ནས་ཕེབས་རོགས།འདི་ནི་ལྷ་ས་གྲོང་ཁྱེར་གྱིས་བཏོན་པའི་གཏན་འབེབས་གསར་པ་ཞིག་རེད།ཁྱེད་ལ་སྟབས་བདེ་མ་བྱུང་ཚེ་དགོངས་དག་ཞུ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་རྔ་ཆེན་ལམ་མདོར་ལས་སྒྲུབ་མི་དམངས་ཉེན་རྟོག་པ་ཞིག་གིས་ཁ་ལོ་བ་ཞིག་ལ་དེ་ལྟར་བཤད།ཟླ་5ཚེས་15ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་ཚུན་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལམ་མདོ་གཙོར་བོར་ཉིན་ལྟར་བར་མཚམས་མེད་པར་ཆེད་མིས་ལས་སྒྲུབ་བྱས་ནས་གྲོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་བཞིན་ཡོད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཞའོ་ཕིང་གིས་འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་དང་།ཆང་རག་བཏུང་རྗེས་རླངས་འཁོར་གཏོང་མཁན་གཅིག་སྡུད་ཐོག་བཅོས་སྒྲིགའཁོར་རིགས་ཚད་ལྡན་དོ་དམ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ།སྦག་སྦག་བདེ་འཇགས་དོ་དམ་གྱི་འཁོར་རྟགས་འགེལ་བ་དང་ལག་ཁྱེར་གཉེར་བའི་ལས་དོན་གཅིག་སྡུད་ཐོག་བཅོས་སྒྲིག་དང་ཚད་ལྡན་དུ་ཡོང་བའི་ཟུང་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བས་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་བཤད།

    ཞི་མཐུན་ཉེན་དམངས་ཀྱི་སྐུལ་འདེད་པ།

    འདི་ལོ་ཚུན་དུ་ཉིང་ལག་རུ་ཁག་དེས“སྐད་ཆ་དྲང་པོ་ཤོད་པ་དང་།བྱ་བ་དངོས་སྒྲུབ་པ།ཕན་འབྲས་དངོས་ཐོན་པ”བཅས་ཀྱི་རྩ་དོན་གཞིར་བཟུང་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ཚད་གཞིར་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དེ་ལས་ཀ་སྒྱུར་བཅོས་གཏོང་བའི་སྒུལ་ཤུགས་སུ་བྱས་ནས་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་དང་མང་ཚོགས་ཀྱི་དུས་ཚོད་གཅེས་སྤྲས་དང་།ངལ་ནུས་གྲོན་ཆུང་།མ་དངུལ་གྲོན་ཆུང་བཅས་བྱ་རྒྱུར་དམིགས་ནས་ཞབས་ཞུའི་ནང་དོན་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ཞབས་ཞུ་ཁྱིམ་ཚང་བར་ཁྱབ་པ་བྱས་ཡོད།

    “ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་རུ་རླངས་འཁོར་གྱི་ལས་སྒོ་སྣ་ཚོགས་གཉེར་མགྱོགས་པོ་འདུགལས་དོན་མི་སྣ་སེམས་རྩ་འཁོལ་པོ་ཡོད་པས་ཞབས་ཞུའི་རྣམ་འགྱུར་ལ་བློ་ཡིད་ཚིམ་པོ་བྱུང་།སྐར་ཁུང་ཞབས་ཞུའི་ལས་རིགས་ཚང་མའི་ཞབས་ཞུ་འདི་ལྟར་བྱུང་ན་ཡག་པོ་འདུག”ཅེས་འདི་ལོའི་ཟླ་5ཚེས་26ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འཁོར་རིགས་དོ་དམ་སུའོ་རུ་ཁ་ལོ་བའི་ལག་ཁྱེར་བརྗེ་བའི་ལས་སྒོ་གཉེར་མཁན་སྐུ་ཞབས་ལི་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད།མང་ཚོགས་ཀྱིས་ལས་སྒོ་སྣ་ཚོགས་གཉེར་རྒྱུར་སྟབས་བདེ་སྐྲུན་ཆེད་འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས་ལས་དུས་འཕར་མའི་ཞབས་ཞུ་བྱེད་སྟངས་ལག་ལེན་བསྟར་བས་མང་ཚོགས་ཀྱིས་ཆུ་ཚོད་8ཕུད་པའི་ལས་སྒོ་གཉེར་རྒྱུར་སྟབས་བདེ་སྐྲུན་ཡོད།“མང་ཚོགས་ལས་ཀ་གྲོལ་རྗེས་རང་ཉིད་ལས་གནས་ཐོག་སྡོད་པ་དང་མང་ཚོགས་ངལ་གསོ་ཡིན་རུང་རང་ཉིད་ལས་གནས་ཐོག་སྡོད་རྒྱུ”དེ་རུ་ཁག་དེའི་འཁོར་རིགས་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པ་100ལྷག་ཙམ་གྱི་ཐུན་མོང་གི་ཞབས་ཞུའི་འདུ་ཤེས་སུ་གྱུར་ཡོད།

    ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བའི་འགྲིམ་འགྲུལ་ཁྲིམས་འགལ་ཐོན་མང་བའི་ཁུལ་དང་དུས་ཚོད་ལ་དམིགས་ནས་ཟླ་ལྔ་པ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་གྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཚད་གཞི་མཐོ་བའི་ངང་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ཁྱབ་ཁོངས་ཡོངས་སུ་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བའི་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་གཅིག་སྡུད་ཐོག་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད།འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་སྤྱི་བདེ་པུའི“ཚང་མ་བཞིའི”བླང་བྱ་གཞིར་བཟུང་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བར་ཆད་པ་ནན་པོ་གཅོད་པའི་བྱེད་ཐབས་སྤྱད་དེ་སྔ་རྗེས་སུ་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་མཁན་མང་པོ་ཞིག་ཞིབ་བཤེར་ཐག་གཅོད་བྱས་ཡོད།དེའི་ནང་ཟླ་5ཚེས་10ཉིན་གྱི་དགོང་མོ་བརྟག་དཔྱད་བྱེད་རིང་ཆང་རག་བཏུང་རྗེས་རླངས་འཁོར་གཏོང་མཁན་ཁྲིམས་འགལ་བ་2རྩད་ཆོད་ཡོད།

    སྦག་སྦག་གི་བདེ་འཇགས་དོ་དམ་གྱི་སྲུང་སྐྱོང་བ།

    འདི་ལོའི་ཟླ་གཉིས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་འཁོར་གཉིས་སྦག་སྦག་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ཡོད།སྔ་རྗེས་སུ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི་མཉམ་འགུལ་བྱ་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་སྦག་སྦག་བཅོས་སྐྱོང་ཚད་ལྡན་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་ཟིལ་གྱིས་གནོན་པའི་ནུས་པ་གལ་ཆེན་ཐོན་པ་དང་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་བཟང་པོ་བྱུང་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།

    འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ད་དུང་བཀོད་སྒྲིག་ཧུར་ཐག་བྱས་ནས་འཁོར་རིགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཡོད།རུ་ཁག་དེས་ཁུལ་དབྱེ་ནས་བཅོས་སྐྱོང་བྱེད་ཐབས་སྤྱད་དེ་གྲོང་ཁུལ་གཙོ་གནད་དུ་བྱས་ཏེ་འགྲིམ་འགྲུལ་ལམ་མདོ་གཙོ་བོ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སུ་འཁོར་རིགས་ལ་འཁོར་རྟགས་དང་ལག་ཁྱེར་མེད་པ་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་ཀྱི་འཁོར་རིགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད་གཙོ་བོར་དམིགས་ནས་འཁོར་རིགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ལ་ཆེད་དོན་བཅོས་སྐྱོང་རྒྱུན་མཐུད་ངང་སྤེལ་བ་དང་གཟའ་འཁོར་རེར་ཆ་སྙོམས་ཐེངས་གཉིས་ལས་མི་ཉུང་བའི་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་སྤེལ་གྱི་ཡོད།འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་རུ་ཁག་དེས་རྒྱུན་མཐུད་ངང་སྤེལ་བའི་འཁོར་རིགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གཅིག་སྡུད་བཅོས་སྐྱོང་བྱ་སྤྱོད་སྤེལ་རིང་འཁོར་རྟགས་དང་ལག་ཁྱེར་མེད་པའི་རླངས་འཁོར་10ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་།འཁོར་རྟགས་དང་ལག་ཁྱེར་མེད་པའི་རླངས་འཁོར་30ལྷག་ཙམ་བཙན་ཐབས་ངང་བེད་མེད་དུ་བཏང་བ།འཁོར་རྟགས་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་གྱོད་གཞི་གཞན་དག་1000ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་གྱོད་གཞི་40ལྷག་ཙམ་ཞིབ་བཤེར་ཐག་གཅོད་བཅས་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག