མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྐྱེད་མ་དབུལ་པོར་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-17 10:53

འདི་ནི་མི་དམངས་ཉེན་རྟོག་པས་ནད་ཕོག་པའི་སྐྱེད་མར་ན་ཚའི་སྐོར་འདྲི་བཞིན་ཡོད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་ཚོགས་ཆུང་བདུན་པའི་གྲོང་མི་འཆི་མེད་ལ་2013ལོར་ནུ་མའི་འབྲས་སྐྲན་ཕོག་ཅིང་།དེའི་བུ་མོས་ཨ་མའི་ནད་གཞིར་སེམས་ཁྲལ་ཆེན་པོ་སྐྱེས་ཏེ་བུ་མོར་ཡང་འདུས་འདྲིལ་གཅོང་ནད་ཕོགའོན་ཀྱང་བུ་མོས་ཨ་མར་སེམས་ཁྲལ་མི་ཡོང་བའི་ཆེད་ནད་ཕོག་པའི་སྐོར་ཐོག་མཐའ་བར་གསུམ་དུ་ཨ་མར་བཤད་མེད་ཀྱང་།ཨ་མས་བུ་མོར་ནད་ཕོག་ཡོད་པ་ཤེས།སྐབས་དེར་བུ་མོའི་ནད་ཇེ་སྡུག་ཏུའང་སོང་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་།ཨ་མས་ཁྱིམ་དུ་ངལ་གསོ་རིང་ཁྱིམ་ལ་ཡོང་འབབ་ཕྲན་བུ་བྱུང་ན་སྙམ་ནས་ཇ་ཁང་ཞིག་ཏུ་ལས་མི་བྱེད་པར་བསྐྱོད།ནུ་མའི་འབྲས་སྐྲན་ཕོག་པའི་ནད་པ་ཡིན་ཕྱིན།ངེས་པར་དུ་ངལ་ཡག་པོ་གསོ་དགོས་པ་ལས་ཤུགས་ལས་མང་པོ་བྱེད་མི་རུང་།ད་ཆ་ཨ་མ་དེར་རྫས་འགྱུར་སྨན་བཅོས་མཐའ་མ་དེ་བྱེད་དགོས་ཀྱང་།ཁྱིམ་ཚང་དེར་སྨན་ཡོན་མང་པོ་དེ་འདྲ་སྤྲོད་པའི་ནུས་པ་མེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་ཏེ་ཅུས་དེའི་ཁྱབ་ཁོངས་སུ་ཉེ་ཆར“སྐྱེད་མ་དབུལ་པོར་ཞལ་འདེབས་འབུལ་བའི”བྱེད་སྒོ་སྤེལ་བ་རེད།ཅུས་དེ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་རང་འགུལ་གྱི་ཐོག་ནས་སྒོར་8550ཞལ་འདེབས་ཕུལ་བ་རེད།

    མིག་སྔར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་དོན་འགན་ལེན་ཁང་དང་གཞུང་ལས་ཁང་གི་འགན་འཁུར་བས་ཆུ་ཤུར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བའི་བཀོད་སྒྲིག་དང་ཕེབས་རོགས་འོག་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་སླར་ཡང་བསྐྱོད་ནས་སྐྱེད་མ་དབུལ་པོའི་ནད་གཞི་དང་འཚོ་བ་སོགས་ཀྱི་ཐད་ལ་དཀའ་ངལ་གང་ཡོད་མེད་སྐད་ཆ་ཞིབ་ཕྲ་དྲིས་པ་མ་ཟད།ཁོང་ལ་སྤྲོ་སྣང་ལྡན་ཞིང་བློ་སྟོབས་ཆེན་པོས་འཚོ་བ་སྐྱེལ་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག་ཅུས་དེ་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གཅེས་སེམས་མཚོན་པའི་འཚམས་འདྲིའི་དངུལ་སྒོར་8550དེ་སྤྲད་པ་རེད།འཆི་མེད་ཀྱིས་འཚམས་འདྲིའི་དངུལ་རྣམས་བླངས་རྗེས“ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཁྱེད་རྣམ་པས་ཐུགས་ཁུར་དང་རོགས་རམ་གནང་བར་བརྟེན།རང་ཉིད་སླད་ཕྱིན་གྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་པ་རེད།

    གཅེས་སེམས་མཚོན་པའི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་དང་མང་ཚོགས་དང་།ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་མ་ཟད།མང་ཚོགས་དང་ཐག་ཉེ་རུ་ཕྱིན་ཏེ་ཉེན་རྟོག་པ་དང་མི་དམངས་དབར་ཞི་མཐུན་གྱི་འབྲེལ་བ་འཛུགས་ཕྱིར་རྨང་གཞི་བཟང་པོ་བཏིངས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག