མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཆ་འཕྲིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-17 10:53

    སྤྱི་བདེའི་ལས་རིགས་ཁག་གི་ལས་སྒོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་སུ་དེ་སྔ་སྤྱི་བདེའི་ཆ་འཕྲིན་དྲ་བའི་དྲ་ངོས་ཀྱིས་ཅུས་ཡོངས་ཀྱི་ཉེན་རྟོག་པའི་རྒྱུན་གཏན་ལས་ཀའི་དགོས་མཁོ་སྐོང་མི་ཐུབ་པར་བརྟེན།ནུས་པ་དེ་བས་འཐུས་ཚང་དང་བརྗོད་དོན་དེ་བས་གསར་པའི་སྤྱི་བདེའི་ཆ་འཕྲིན་དྲ་བ་ཞིག་འཛུགས་རྒྱུ་དེ་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་པ་རེད།ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་།ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུད།ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཁུར་བ་གཅིག་སྡུད་བྱས་ནས་ཆ་འཕྲིན་ཅན་གྱི་གཞུང་ལས་ཁང་དུ་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་དྲ་ཚིགས་ཀྱི་དྲ་ངོས་ལེགས་གཏོང་གི་ལས་དོན་སྤེལ་ཐོག་མཛུབ་ཁྲིད་ཀྱང་བྱས་པ་རེད།

    ཉི་མ་ཚེ་རིང་གིས་ཚན་པ་ཁག་གིས་གྲངས་གཞིར་བསྡོམས་རྩིས་བརྒྱབ་པའི་པར་ངོས་ཀྱི་རེའུ་མིག་ལ་མཐའ་མའི་བཟོ་བཅོས་བརྒྱབ་སྟེ་ནང་དོན་གཅིག་པ་ཡིན་པའི་གྲངས་གཞིར་ཚན་པ་ཁག་གིས་མཐུན་སྦྱོར་གཅིག་གྱུར་བཟོས་ནས་མངགས་གཏོང་ཁང་དང་སྡེ་ཁུལ་དྲ་མིག་གི་ཉེན་རྟོག་པའི་ཁུར་པོ་ཡང་དུ་གཏོང་དགོས།སྤྱི་བདེའི་དྲ་བའི་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཏན་ཏིག་བཏང་ནས་དྲ་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་ནས་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་དངོས་ཕན་ཐོབ་པ་བྱ་ཆེད་ཞབས་ཞུའི་ལས་དོན་དངོས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་དོན་ལ་དམ་པོར་དམིགས་པ་དང་།དངོས་འཐབ་དངོས་སྤྱོད་དང་།ཕན་ཆེ་མགྱོགས་མྱུར།སྟབས་བདེ་ཁུ་བསྡུ་བཅས་ཀྱི་བླང་བྱ་ལྟར་དྲ་ངོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཕུན་སུམ་ཚོགས་པའི་དྲ་བའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་ཀྱིས་སྐབས་བསྟུན་ངང་ཆེད་སྒྲིག་ལེ་ཚན་དང་ཆེད་སྒྲིག་པར་ངོས་བཏོན་ཏེ་དངོས་འཐབ་ཉེར་སྤྱོད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ཐོག་དྲིལ་བསྒྲགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག