མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ཞིང་འབྲོག་པ་དུད་ཚང་ཁྲི་35ལ་ཕན་པ་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-17 10:53

    རྣམ་གྲངས་འཛུགས་སྐྲུན་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འཁོར་རྒྱུག་ལམ་སྲོལ་གཙོ་བོ་དེ་ཡིན་པ་དང་།2004ལོ་ནས་2013ལོ་བར་རིམ་རྩིས་བརྒྱབ་ན་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ཞིང་འབྲེལ་མ་དངུལ་ཁག་སྒོར་དུང་ཕྱུར་19.591བསྡུ་སྒྲིལ་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དུ་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་རྣམ་གྲངས་ཆེ་གྲས་12ལག་བསྟར་བྱས་པ་དེ་དག་རྣམ་གྲངས་ཆུང་གྲས་450དང་འབྲེལ་བ་ཡོད་ཅིང་།ཁྱད་ལྡན་ཞིང་འབྲོག་ལས་ཐོན་སྐྱེད་རྟེན་གཞི་200གསར་སྣོན་བྱས་ཏེ།རིམ་རྩིས་བརྒྱབ་ན་ཞིང་འབྲོག་པའི་དུད་ཚང་ཁྲི་35ལ་རོགས་སྐྱོར་བྱས་པ་རེད།རྣམ་གྲངས་ཁག་ལག་བསྟར་བྱས་པ་ནས་བཟུང་།དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3263བྱུང་བར་ཕན་པ་ཐོབ་པའི་མང་ཚོགས་ཁྲི་175.4ཟིན་ཞིང་།འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྣང་རྩེ་ཆུ་འཐག་རྟེན་གཞིའི་ལས་དོན་པས་རྩམ་པ་འཐག་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག