མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གངས་ལྗོངས་བུ་ཕྲུག་ཚོས་མི་རིགས་ཀྱི་ཉམས་འགྱུར་ངོམས། དགེ་སློབ་དབར་གྱི་བརྩེ་དུང་ཉ་ཆུ་ལས་ཀྱང་ཟབ།

བོད་ལྗོངས་སྐར་ཁུང་ཀྲུང་ཧྲན་སློབ་ཆེན་གྱི་བོད་ཀྱི་རིག་གནས་དུས་ཆེན་སྐབས་དང་པོའི་སྐོར་བཀོད་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 10:07

རིག་རྩལ་དགོང་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་བྱེད་བཞིན་ཡོད་པ།

བོད་ལྗོངས་མི་རིགས་སློབ་གླིང་གི་སློབ་མས《བཀྲ་ཤིས་པའི་ཁ་བཏགས》ཞེས་པའི་ཞབས་བྲོ་འཁྲབ་པའི་གནས་ཚུལ་ཡིན་པ།

དགེ་སློབ་ཚོས་མཉམ་དུ་དྲན་རྟེན་འདྲ་པར་རྒྱག་པའི་གནས་ཚུལ་ཡིན་པ།

    བོད་ཀྱི་རིག་གནས་སྔར་བས་ཁྱབ་སྤེལ་བྱེད་པ་དང་།དགེ་སློབ་ཀྱི་བསམ་བློ་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ།ཀྲུང་ཧྲན་སློབ་ཆེན་གྱི་དགེ་སློབ་ཚོས་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད།ཀྲུང་ཧྲན་སློབ་ཆེན་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་དང་།ཀྲུང་ཧྲན་སློབ་ཆེན་ཏང་ཨུད་དྲིལ་བསྒྲགས་པུའུ།ཀྲུང་ཧྲན་སློབ་ཆེན་སྤྱི་ཚོགས་རིག་པ་དང་མིའི་རིགས་ཀྱི་རིག་པའི་སློབ་གླིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།ཀྲུང་ཧྲན་སློབ་ཆེན་སྤྱི་ཚོགས་རིག་པ་དང་མིའི་རིགས་ཀྱི་རིག་པའི་སློབ་གླིང་གི་སློབ་མའི་ལྷན་ཚོགས་དང་བོད་ལྗོངས་མི་རིགས་སློབ་གླིང་གཉིས་ཀྱིས་དགེ་སློབ་བརྗེ་རེས་བྱས་ནས་གཉེར་བའི“གངས་ལྗོངས་སྐར་ཁུང་ཀྲུང་ཧྲན་སློབ་ཆེན་གྱི་བོད་ཀྱི་རིག་གནས་དུས་ཆེན་སྐབས་དང་པོ”དེ་2014ལོའི་ཟླ་6ཚེས་6ཉིན་ཀྲུང་ཧྲན་སློབ་ཆེན་དུ་འགོ་ཚུགས་པ་རེད།

    ད་རེས་ཀྱི་རིག་གནས་དུས་ཆེན་ནི་ཀྲུང་ཧྲན་སློབ་ཆེན་དུ་ཁག་དང་པོར་ཡོང་བའི་བོད་ལྗོངས་མི་རིགས་སློབ་གླིང་མི་རིགས་ཞིབ་འཇུག་ཁང་གི་བརྗེ་རེས་སློབ་མ་དང་།འཚམས་འདྲི་དང་སློབ་སྦྱོང་དུ་ཡོང་བའི་དགེ་རྒན།ཀྲུང་ཧྲན་སློབ་ཆེན་སློབ་ཁུལ་ཁག་གི་བོད་རིགས་སློབ་མ་དང་དེ་བཞིན་ཀྲུང་ཧྲན་སློབ་ཆེན་གྱི་སྐབས་དང་པོའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭའི་མི་རིགས་ཁག་གི་སློབ་མས་སློབ་གྲྭ་ཐོན་གྲབས་ཡོད་པའི་སྐབས་དང་།མ་ཡུམ་སློབ་གྲྭའི་གསོ་སྐྱོང་གི་བཀའ་དྲིན་དྲན་པ།དེ་བཞིན་མ་ཡུམ་སློབ་གྲྭ་བཙུགས་ནས་ལོ་90འཁོར་བའི་འཁྲུངས་སྐར་འཆར་ཉེར་ཡོད་པ་བཅས་ཀྱི་སྐབས་དང་བསྟུན་ནས་མ་ཡུམ་སློབ་གྲྭར་དམིགས་བསལ་གྱི་ཕྱག་རྟགས་ཕུལ་ནས་སློབ་མ་ཚོའི་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་མ་ཟད།མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད།

    “བོད་ཀྱི་རིག་གནསshow”ཐོག་ཀྲུང་ཧྲན་སློབ་ཆེན་གྱིས་བོད་ལྗོངས་མི་རིགས་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་དང་།ཀྲུང་ཧྲན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་སློབ་འབྲིང་དང་པོར་སློབ་རོགས།ཀྲུང་ཧྲན་སློབ་ཆེན་མིའི་རིགས་ཀྱི་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་གྱིས་བོད་ལྗོངས་མི་རིགས་སློབ་གླིང་མི་རིགས་ཞིབ་འཇུག་སློབ་གླིང་དང་ཞིབ་འཇུག་སློབ་མ་ཁྲུའུ་ལ་སློབ་སྐྱོར།ཀྲུང་ཧྲན་སློབ་ཆེན་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོའི་སློབ་མ་དང་བོད་ལྗོངས་མི་རིགས་སློབ་གླིང་བརྗེ་རེས་སློབ་མ་དབར་ཕན་ཚུན་སློབ་སྦྱོང་བྱས་པ་དང་ཕན་ཚུན་འཚོ་བའི་སྐོར་གླེང་ཞིང་།“རིག་གནས་དུས་ཆེན”རིང་ལྟད་མོ་བ་ཚོར་ཇ་བསྲུབས་མ་དང་།རྩམ་པ།ཇ་མངར་མོ།ཕྱུར་བ།ཤ་སྐམ་པོ་སོགས་བོད་ཀྱི་ཁྱད་ལྡན་ཞིམ་ཟས་སྣ་ཚོགས་བཤམས་པ་དང་།བོད་ཆས་གྱོན་ནས་འདྲ་པར་རྒྱག་པ།བོད་ཡིག་གི་མིང་རྟགས་འགོད་པ་སོགས་ནང་དོན་མཁོ་འདོན་བྱས་ནས་ཚང་མར་ངོ་མཚར་ཆེ་ལ་འགྲན་ཟླ་བྲལ་བའི“བོད་ཀྱི་རིག་གནསshow”འགྲེམས་སྟོན་བྱས་ཡོད།

    “བོད་ཀྱི་རིག་རྩལ་འཁྲབ་སྟོན”དེ“གངས་ལྗོངས་སུ་སྐྱོད་པ”དང་།“གངས་ལྗོངས་ལ་བརྩེ་སེམས་འཆང་བ”“དགའ་འཛོམས་ཐེངས་གཅིག”བཅས་ནང་དོན་གསུམ་ལ་ཕྱེ་ཡོད།ལེ་ཚན་གྱི་ནང་དོན་ནང་ཞབས་བྲོ《བཀྲ་ཤིས་པའི་ཁ་བཏགས》དང《མར་གྱི་དྲི་བསུང་འཐུལ་བ》《དགའ་སྤྲོའི་རྒྱ་མཚོ》སོགས་དང་།རྐྱང་གཞས《བསྟོད་གླུ》དང་།《མཁའ་ཐོག་གི་བོད་ལྗོངས》 《བརྩེ་སེམས་ཀྱིས་ཁེངས་པའི་སྡེ་ཚོ》མཉམ་གཞས《ཤར་རིའི་རྩེ་མོ》དང《ཨ་མ་གཅིག་གི་བུ་མོ》ཞེས་པ།དེ་བཞིན་སྤགས་གཡོ་བའི་འགྲན་བསྡུར་དང་།བོད་ཡིག་འབྲི་སྦྱོང་།སྒོར་གཞས་འཁྲབ་པ་བཅས་ཀྱི་རོལ་རྩེད་སོགས་ཚུད་ཡོད་པ་མ་ཟད།བྱེད་སྒོའི་ཐོག་ད་དུང་བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བྱ་དགའ་དང་རྗེས་དྲན་དངོས་རྫས་ཀྱང་སྤྲད་པ་རེད།བྱེད་སྒོ་དེར་ཀྲུང་ཧྲན་སློབ་ཆེན་གྱི་དགེ་སློབ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་དང་།བོད་རིགས་སློབ་གྲྭ་ཆེ་མོ་བ་ཚོའི་ཉམས་འགྱུར་དང་ལང་ཚོའི་གསོན་ཤུགས་ཀྱང་མངོན་པར་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག