མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ངོ་འཕྲད་བསམ་འཆར་བསྡུ་ལེན་དང་དབུལ་སྐྱོར་དཀའ་སེལ་ཏན་ཏིག་བྱེད་པ།

མངའ་རིས་ཀྱི་ཏང་ཡོན་ལས་བྱེད་པས“གཉེན་ཉེའི”སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ནང་མངའ་རིས་ས་ཁུལ་གྱིས“ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ཧུར་ཐག་སྤེལ་བ་དང་།མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འབྲེལ་གཏུག་ས་ཚིགས་སུ་སྐྱོད་པ་དང་།མང་ཚོགས་ཀྱི་ཁྱིམ་དུ་སྡོད་པ།ཞིང་འབྲོག་མང་ཚོགས་དང་མཉམ་ཟ་མཉམ་སྡོད།མཉམ་དུ་སློབ་སྦྱོང་།མཉམ་དུ་ངལ་རྩོལ་བྱེད་པ།ངོ་འཕྲད་དང་གཅིག་སེམས་གཅིག་རྟེན་གྱིས་མང་ཚོགས་ཀྱི་ས་ནས་བསམ་འཆར་བསྡུ་ལེན་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔའི་བར་ས་ཁུལ་ཡོངས་ཀྱི“ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོར་ཞུགས་མཁན་ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་36གིས་གྲོང་ཚོ(གྲོང་ལྷན)36དང་འབྲེལ་བ་བྱས་ནས་མང་ཚོགས་དུད་ཚང་108ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་།མང་ཚོགས་མི་ཐེངས་94ལ་འཚམས་འདྲི་བྱས་པ།བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་42བསྒྲུབས་པ།མི་སྒེར་གྱི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་11.5བཏང་ཞིང་།རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་479ཡིས་གྲོང་ཚོ(གྲོང་ལྷན)141དང་འབྲེལ་བ་བྱས་ནས་མང་ཚོགས་དུད་ཚང་2016ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་།མང་ཚོགས་མི་ཐེངས་5293ལ་འཚམས་འདྲི་བྱས་པ།བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་556བསྒྲུབས་པ།མི་སྒེར་གྱི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་59.9བཏང་ཡོད་པ་དང་།ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་2498ཀྱིས་གྲོང་ཚོ(གྲོང་ལྷན)141དང་འབྲེལ་བ་བྱས་ནས་མང་ཚོགས་དུད་ཚང་2247ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་།མང་ཚོགས་མི་ཐེངས་6001ལ་འཚམས་འདྲི་བྱས་པ།བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་1500བསྒྲུབས་པ།མི་སྒེར་གྱི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་55.7བཏང་ཡོད་པ་རེད།

    མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་ཚན་པ་ཁག་གིས་ཀྱང“ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སློབ་གསོ་ལག་ལེན་བྱེད་སྒོའི་གཞི་རྟེན་གལ་ཆེན་དང་དམ་འཛིན་བྱེད་སར་བརྩིས་ནས་དོན་དངོས་དང་ཟུང་འབྲེལ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཡོད་པ་རེད།

    དགེ་རྒྱས་རྫོང་གིས“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་རྫོང་ཆ་ཚང་སློབ་ཆུང་གི་ཏང་ཡོན་ལས་བྱེད་པས་སློབ་གྲྭ་དེའི་དབུལ་པོའི་ཁྱིམ་ཚང་གི་སློབ་མ་ནས་འགོ་བཙུགས་ཏེ་དགེ་རྒན་ལས་བཟོ་1དང་དབུལ་པོའི་ཁྱིམ་ཚང་1དབར་ཆ་སྒྲིག་གཉེན་འཚོལ་བྱས་ཏེ་དབུལ་པོའི་ཁྱིམ་ཚང་གི་སློབ་མ་1ལ་རོགས་སྐྱོར་བྱས་པ་དང་།མཚོ་ཆེན་རྫོང་གིས“མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་།མང་ཚོགས་ལ་རྒྱུས་ལོན་བྱེད་པ།མང་ཚོགས་ལ་ཞབས་འདེགས་ཞུ་བ།མང་ཚོགས་ལ་རོགས་རམ་བྱེད་པ”བཅས་སྲོག་ཤིང་དུ་བྱས་ནས“ངོས་འཛིན་མཐོར་གཏོང་དང་།དམངས་ཀྱི་བསམ་འདུན་ཤེས་རྟོགས།དམངས་ཀྱི་དཀའ་ངལ་སེལ་བ།དམངས་ཕྱུག་པོ་ཆགས་རོགས་བྱེད་པ”བཅས་ལས་འགན་གཙོ་བོར་བརྩིས་ནས་ཆ་སྒྲིག་ཏང་ཡོན་ལས་བྱེད་པས་ཟླ་རེར་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་ཐེངས་རེ་བྱས་ནས་ཆ་སྒྲིག་དུད་ཚང་གི་ཁྱིམ་ཚང་གནས་ཚུལ་ནས་འགོ་བཙུགས་ཏེ་འབབ་འཕར་ཐབས་ལམ་དང་དབུལ་སྐྱོར་འཆར་གཞི་བཏིང་བ་རེད།རྫོང་་ཡོངས་ཀྱི་རྫོང་རིམ་པའི་ལས་བྱེད་24དང་།ཁོའོ་རིམ་པའི་ལས་བྱེད་71གིས་དབུལ་པོའི་དུད་ཚང་120དང་།གྲྭ་བཙུན་56 སློབ་མ་429བཅས་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཆ་སྒྲིག་དུད་ཚང་གི་འཚོ་བའི་དངོས་རྫས་ཐག་གཅོད་བྱས་པར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7.3ལྷག་ཙམ་ཟིན་པ་དང་།རོགས་སྐྱོར་དངུལ་སྒོར་ཁྲི་11.5དོན་འཁྱོལ་བྱས་པ།འཕེལ་རྒྱས་འཆར་འགོད་ཁག་95བཏོན་པ།རོགས་སྐྱོར་དངུལ་སྒོར་ཁྲི་6.4སྤྲད་པ་རེད།མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གི་ཏང་ཙུའུ་ཡིས་གྲོང་ཚོར་བཅའ་སྡོད་འབྲེལ་གཏུག་ས་ཚིགས་སྒེར་རྩེ་རྫོང་བྲག་པོ་ཤང་ཐུགས་ནག་གྲོང་ཚོར་ཏང་ཙུའི་ཁོངས་མི་ནས་སྤྱིར་བཏང་ལས་བྱེད་ཉེན་རྟོག་པའི་བར་གྱིས་ཆ་སྒྲིག་གཉེན་འཚོལ་གྱི་རོགས་སྐྱོར་གྱི་ལས་ཀའི་རྣམ་པ་ཞིག་བཙུགས་པས་ཡན་ལག་ཁང་གི་ལས་བྱེད་ཉེན་རྟོག་པ་ཚང་མ་ཞུགས་པ་དང་།ཐུགས་ནག་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་གྱི་དཀའ་ངལ་ཡོད་པའི་དུད་ཚང་ཚང་མ་དང་ཏང་ཡོན་ཡོངས་ཁྱབ་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།ཡན་ལག་ཁང་གི་ཏང་ཡོན་ལས་བྱེད་པ་57གྱིས་ཁྱོན་དུད་ཚང་67དང་ཆ་སྒྲིག་བྱས་པས་ཆ་སྒྲིག་རོགས་སྐྱོར་ཁྱབ་ཚད་87%ཟིན་ཡོད་པ་རེད།ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་ཐུགས་ནག་གྲོང་ཚོའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་དངུལ་སྒོར་ཁྲི་14.8རི་བའི་དངོས་རྫས་དང་དངུལ་སྒོར་ཁྲི་6.2གྲབས་གསོག་ཐུབ་ནས་ཆ་སྒྲིག་རོགས་སྐྱོར་བྱེད་སྒོའི་ཆེད་དངུལ་ལ་བརྩིས་ནས་ཐུགས་ནག་གྲོང་ཚོའི་ཆ་སྒྲིག་དུད་ཚང་གི་འབྲོག་པ་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག