མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲེན་ཆོན་གོས་གོང་དཀར་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་བསླངས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མྱུར་དུ་བསླངས་བ་དང་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི“བདུན་གཏོར་བདུན་འཛུགས”ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚང་མས་གཅིག་མཇུག་གཉིས་མཐུད་ངང་ནན་ཞིང་ཏན་ཏིག་དང་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཏེ་རང་འཁྲིའི་ལས་གནས་ལ་གཞི་འཛུགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་སློབ་གསོ་ལག་ལེན་བྱེད་སྒོ“ལེགས་ཐོག་ལེགས་བརྩེགས”ཡོང་བར་སྔར་བས་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།

    ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་སླད་ཤང་ཞན་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་འབྲུག་རྒྱལ་གྱིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་སྐབས“ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གཟིགས་རྒྱང་རིང་བས་ང་ཚོ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་། ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་མ་ཟད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དཔོན་པོ་བྱས་ནས་ལག་རྗེས་འཇོག་ཐུབ་པ་བྱས་ཏེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་རན་ཧུང་མེས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་དང་ལྷག་པར་དུ“བདུན་གཏོར་བདུན་འཛུགས”ཀྱི་བླང་བྱ་དེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་གཏན་འཁེལ་ཁ་གསལ་གནང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་གྲུབ་པའི་གཞི་རྩའི་བླང་བྱ་བཏོན་གནང་བས་དེར་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པས་ང་ཚོས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པའི་ཐད་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད་ལ་བརྩི་སྲུང་ཞུ་ས་མཁོ་འདོན་ཡང་གནང་ཡོད་ཅེས་བཤད་པ་རེད།

    སྟག་རྩེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་ཚེ་བརྟན་གྱིས“ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ལས་ཀར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་གནང་ཡོད་པས་གོམ་སྟབས་རྗེས་མའི་ལས་དོན་ཐད་རང་རེའི་ཅུས་ཀྱིས་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས་ལྷ་སའི‘ཤར་སྒོ’ཡག་པོ་སྲུང་རྒྱུ་དེ་དམིགས་ཚད་དང་། ‘སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་། སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པ། གཞུང་དྲང་སྤྱོད་གཙང་ངང་ཁྲིམས་འཛིན་པ’བཅས་ཀྱི་གཙོ་གནད་ལས་དོན་ཁག་གསུམ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་ཤུགས་རྒྱག་ས། ‘ཁྲིམས་འཛིན་དཔུང་ཁག་གི་བྱང་ཚད་འཛུགས་སྐྱོང་ལོའི་བྱེད་སྒོ’སྤེལ་རྒྱུ་དེ་འགན་ལེན་བཅས་སུ་བྱས་ཏེ་དུས་བདེའི་སྟག་རྩེ་བསྐྲུན་རྒྱུ་དང་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཡོན་ཟླ་བས“ཧྲུའུ་ཅི་ཁྲེན་ཆོན་གོས་མང་ཚོགས་ཀྱི་ཁེ་ཕན་གྱི་གལ་ཆེའི་རང་བཞིན་གཙོ་གནད་དུ་ནན་བཤད་གནང་བ་མ་ཟད་ད་དུང་ང་ཚོར་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་གནས་ལུགས་བསྟན་གནང་ཡོད། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དང་ཐོག་རང་ངོས་སུ་གནས་པའི་གནད་དོན་དག་ཐེར་ཡག་པོ་བྱེད་དགོས། རང་ངོས་གཞུང་དྲང་སྤྱོད་གཙང་བྱས་ཚེ་གཞི་ནས་མི་སེར་ཆེད་བྱ་བ་དངོས་སྒྲུབ་ཐུབ། དེ་ལྟར་མ་བྱུང་ཚེ་ཁྲལ་མངོན་སླ་བཅོས་བྱེད་སྲིད་པ་མ་ཟད་མི་སེར་ཆེད་བྱ་བ་སྒྲུབ་པའི་བྱ་སྤྱོད་དང་སེམས་པ་གཅིག་མཐུན་མིན་པར་ཕྱི་ཚུལ་ཙམ་དང་ཁྲལ་སེལ་སླ་བཅོས་བྱེད་སྲིད”ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག