མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《བྱང་ཐང་གི་སློབ་ཁང་ཆེ་མོས》ནག་ཆུའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པའི་སྐོར་འགྲེལ་བཤད་བརྒྱབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་ནག་ཆུ་ས་ཁུལ་གྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཀྱིས་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་བརྟེན་ནས《བྱང་ཐང་གི་སློབ་ཁང་ཆེ་མོ》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་ཏེ་ཕྱོགས་དྲུག་ནས་ནག་ཆུའི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ལ་འགྲེལ་བཤད་བརྒྱབ་པ་རེད།

    ཆེད་དོན་འཆད་ཁྲིད་ཀྱི་འགྲེལ་བཤད་ལྟར་ན།ནག་ཆུ་ས་ཁུལ་གྱིས་སྤྱི་ཚོགས་ཞི་མཐུན་དང་།དཔལ་འབྱོར་དར་རྒྱས།མི་རིགས་མཐུན་སྒྲིལ།ཆོས་ལུགས་འཆམ་མཐུན།ཁོར་ཡུག་མཛེས་པ།རྨང་གཞི་བརྟན་པ་བཅས་ཀྱི་ནག་ཆུ་གསར་པ་ཞིག་གཏོད་པར་གཞོལ་རྒྱུ་ཡིན་ཞིང་།ནག་ཆུ་ས་ཁུལ་གྱིས་བརྟན་ལྷིང་གི་ལས་དོན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་དུ་བཞག་ནས་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་འཛུགས་པ་དང་།བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ།ནག་ཆུ་ས་ཁུལ་གྱིས“ཁྱད་ལྡན”ལ་ཤུགས་བརྒྱབ་སྟེ“འབྲོག་དང་།གཏེར།ཆུ།སྨན་རྒྱུ།ཡུལ་སྐོར”བཅས་ཐོན་ལས་ཆེན་པོ་ལྔ་ཡག་པོ་གཉེར་བ།སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཤིང་།འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ།རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྩྭ་ཐང་གི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་དང་འབྲོག་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ།ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་འབྲེལ།སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ཏང་ཡོན་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་གདེང་ཚོད་དང་།རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་གྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྲིད་སྐྱོང་བྱས་རྗེས་མངོན་གསལ་དོད་པ་དང་།སྤྱོད་ཚུལ་ལེགས་པ།མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་ལས་བྱེད་པ་བསྐོ་སྤྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་པ་དང་འབྲེལ།ནག་ཆུ་ས་ཨུད་ཀྱི《ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“འཛུགས་སྐྱོང་ལྔ”དམ་འཛིན་ནན་པོ་དང“འདུ་འགོད་ཆེན་པོ་ལྔ”ལག་བསྟར་གྱིས་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་པ་བཅས་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག