མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བློ་བཟང་རྒྱལ་མཚན་གྱིས་གོར་མོར་ཡོད་པའི་བོད་ཀྱི་ རྟེན་གཞིར་གཟིགས་ཞིབ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཟླ་6ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གོར་མོར་ཡོད་པའི་བོད་ཀྱི་རྟེན་གཞིའི་ཚན་པ་ཁག་གཅིག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་ལས་བྱེད་ལས་བཟོར་འཚམས་འདྲི་གནང་ཞིང་། འདི་ནི་བློ་བཟང་རྒྱལ་མཚན་གྱིས་བོད་མཚོ་བཟོ་ལས་གླིང་དོ་དམ་ཨུ་ལྷན་དུ་ལས་ཀ་སྒྲུབ་ཚུལ་ཐད་མཁྱེན་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གོར་མོར་ཡོད་པའི་བོད་ཀྱི་རྟེན་གཞིའི་གཞན་སྒྱུར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་གནང་གི་ཡོད། ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རྟེན་གཞིའི་ཚན་པ་ཁག་གཅིག་གི་འཛུགས་སྐྲུན་འཕེལ་རྒྱས་ལ་གཟིགས་ཞིབ་དང་ལས་བྱེད་ལས་བཟོ་ཚོར་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་རྟེན་གཞིའི་འཛུགས་སྐྲུན་པ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་ངང་འཚམས་འདྲི་ཞུས་གནང་བ་རེད།

    གོར་མོར་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གི་སློབ་ཆུང་དང་། བུ་བཅོལ་ཁང་། སྨན་ཁང་། མཚོ་བོད་གཞུང་ལམ་ཡན་ལག་ཅུས། ས་གཤིས་རུ་ཁག་ལྔ་པ། དོན་གཅོད་ཁང་གི་སྒོ་ར་བཅས་སུ་བློ་བཟང་རྒྱལ་མཚན་གྱིས་ཕེབས་ཞོར་གཟིགས་ཞིབ་གནང་བ་མ་ཟད་ལས་དོན་སྒྲུབ་ཚུལ་ཐད་བཀའ་འདྲི་ཡང་གནང་བ་དང་། ཚན་པ་ཁག་གི་ལོ་གཅིག་རིང་གི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གོར་མོར་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གི་སློབ་ཆུང་དུ་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། སྨན་ཁང་གི་མངོན་ཡོད་སྒྲིག་བཀོད་སྣ་ཚོགས་ཆ་ཚང་བ། ཚན་པ་ཁག་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོའི་བསམ་པའི་ཉམས་འགྱུར་ལེགས་པ་བཅས་གཟིགས་སྐབས་བློ་བཟང་རྒྱལ་མཚན་ཧ་ཅང་དགྱེས་པོ་བྱུང་ཞིང་། ཁོང་གིས་ལོ་60ལྷག་གི་རིང་མི་རབས་ནས་མི་རབས་ཀྱི་རྟེན་གཞི་འཛུགས་སྐྲུན་པ་ཚོས་མྱ་ངམ་ཐང་དུ་གཞི་བཙུགས་པ་དང་དཀའ་སྤྱད་ལས་གཏོད་བྱས་ཏེ་ལང་ཚོ་དང་བུ་རབས་ཚ་རྒྱུད་ལེགས་སྐྱེས་སུ་ཕུལ་ནས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་སྒྱུར་བཅོས་འཛུགས་སྐྲུན་ཆེད་ལོ་རྒྱུས་ཀྱི་མཛད་རྗེས་བསུབ་ཏུ་མེད་པ་ཞིག་བཞག་ཡོད། འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་དུས་བབ་གསར་པ་དང་བོད་མཚོ་བཟོ་ལས་གླིང་ཁྱོན་ཡོངས་ནས་བསྐྲུན་པའི་གོ་སྐབས་བཟང་པོར་དམིགས་ནས་ཚང་མས་སྔར་བས་སྙིང་སྟོབས་ཆེར་སྐྱེད་དང་ཡིད་ཆེས་བརྟན་པོའི་སྒོ་ནས་རྒན་རབས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གང་ལེགས་གཏོང་བ་དང་། གཟི་འོད་གསར་པ་སྔར་བས་བཏོད་ནས་རྟེན་གཞི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་སྐབས་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྩེ་དུང་ཟབ་མོའི་སྒོ་ནས་གསུངས་པ་རེད།

    གཟིགས་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་གོར་མོར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ལས་ཀར་འབད་ཚེ་འབྲས་བུ་སྨིན་པ་དང་། བོད་མཚོ་བཟོ་ལས་གླིང་བསྐྲུན་པ་དང་བསྟུན་གོར་མོར་ཡོད་པའི་རྟེན་གཞིར་མདུན་ལམ་ཡོད་པ་དང་བྱེད་རིན་ཆེན་པོ་ལྡན་ཡོད། བོད་མཚོ་བཟོ་ལས་གླིང་དང་གོར་མོར་ཡོད་པའི་རྟེན་གཞིའི་འཛུགས་སྐྲུན་འཕེལ་རྒྱས་གཅིག་རམ་གཅིག་འདེགས་དང་། དམིགས་ཚད་གཅིག་མཐུན། ཕན་ཚུན་སྐུལ་འདེད། དམིགས་ཡུལ་གཅིག་མཚུངས་ཡིན་པ་བཅས་རེད། གླིང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དུས་བབ་གསར་པ་དང་འཕེལ་རྒྱས་གསར་པའི་བླང་བྱ་དང་འཚམ་པ་བྱས་ནས་བསམ་བློའི་འདུ་ཤེས་སྔར་བས་སྒྱུར་ནས་ལས་ཀའི་བསམ་ཕྱོགས་ཟམ་མི་ཆད་པར་གསར་གཏོད་ཀྱིས་རྒྱབ་ཕྱོགས་ཀྱི་འགན་ལེན་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ནུས་པ་ཡག་པོ་བཏོན་ནས་ལས་ཀའི་གཙོ་གནད་དེ་གླིང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་གླིང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་གླིང་གི་ལས་དོན་ཁག་ལ་སྟོབས་ཤུགས་ཡོད་རྒུས་རོགས་རམ་བྱེད་དགོས། རྟེན་གཞི་འཛུགས་སྐྲུན་གྱི་འཕེལ་རྒྱས་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་འགན་འཁྲི་གཙང་སྒྲུབ་ཐུབ་པར་བྱས་ཏེ་གོར་མོ་གྲོང་ཁྱེར་དང་འཆར་འགོད་མཐུད་འབྲེལ་ཧུར་ཐག་བྱེད་པ་དང་། བེད་མེད་ས་ཆ་གང་འགབ་དེ་སྤྱོད་ཀྱིས་རྟེན་གཞིའི་རྣམ་པ་ཏན་ཏིག་ངང་བསྒྱུར་ནས་རྟེན་གཞིའི་རྒྱ་ཆེའི་ལས་བྱེད་ལས་བཟོར་དངོས་ཕན་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག