མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་དབྱང་གི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པ་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་ཀྲུང་དབྱང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་པ་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཁས་ལེན་གང་ལེགས་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་ཀྱིས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་དང་མཛུབ་ཁྲིད་ཞིབ་ཕྲ་བྱེད་པ་དང་། འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གིས་ལན་ཁའོ་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་ཚད་གཞིར་བྱས་ནས“ངེས་པར་དུ་གླེང་དགོས་པ་བཞིའི”བླང་བྱ་ལག་ལེན་བསྟར་ཡོད། ཚན་ཁག་གི་ཁོངས་མིའི་དབར་གང་བསམ་ལྷུག་གླེང་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་སྤེལ་བ་དང་ངོ་སོར་མི་བལྟ་བས“གདོང་དམར་པོ་ཆགས་པ་དང་། རྔུལ་ནག་འདོན་པ། དུག་རླངས་ཕྱིར་འབུད”བཅས་ཀྱི་ཕན་འབྲས་ཐོན་ཡོད། དག་ཐེར་བྱ་ཐབས་དང་ཁ་ཕྱོགས་ཁ་གསལ་དང་དངོས་སྒྲུབ་ཞིབ་ཕྲ་ཡིན་པ་དེ་ཐོག་ནས“གཟབ་ནན་གསུམ་དང་ཏན་ཏིག་གསུམ”གྱི་བླང་བྱ་མཚོན་པ་བཅས་བྱས་པས་སྤུས་ཚད་མཐོ་བའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བྱེད་སྒོའི་ཕན་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྐྱོན་བྲལ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ་དང་དུས་རྒྱུན་དུ་དམ་འཛིན་དང་། དམ་འཛིན་ཞིབ་ཕྲ། ཡུན་རིང་དམ་འཛིན་བཅས་བྱ་རྒྱུའི་ཐད་ཤུགས་རྒྱག་པ་དང་། དག་ཐེར་དང་དོན་འཁྱོལ་བྱེད་པར་བྱ་ཐབས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དངོས་ཕན་བརྩོན་ལེན་བྱེད་པའི་ཐད་ཤུགས་རྒྱག་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་བར་དངོས་སྒྲུབ་གོ་ཆོད་མཐའ་འཁྱོངས་བྱས་ནས་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་པའི་ཐད་ཤུགས་རྒྱག་པ། གཉིས་ཀར་འཐུས་ཤོར་མི་ཐེབས་པ་དང་གཉིས་ཀར་སྐུལ་མ་ཐེབས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་བཟང་པོས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ་བཅས་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁོང་གིས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་འབྲེལ་ཡོད་བླང་བྱ་གཞིར་བཟུང་། གཟབ་ནན་དང་ཏན་ཏིག་གི་ཐོག་ནས་གནད་དོན་བཙལ་འཚོལ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རེ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོས་གོང་དཀར་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང“འདུན་གཏོར་འདུན་འཛུགས”ཀྱི་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་འགག་སྒྲོལ་བསམ་བློ་བློ་ཐག་ཆོད་པོས་ཁྱད་བསད་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་མགོ་ཡོད་མཇུག་ཡོད་ལ་ལས་ཡོད་འབྲས་ཡོད་ཀྱི་འགན་ལེན་བྱེད་པ་དང་། བརྡ་ཁྱབ་ཚོགས་འདུ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། དག་ཐེར་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཕུགས་ཕན་ལམ་སྲོལ་བཟོ་བ་བཅས་བྱེད་དགོས། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་རྩ་བ་གཅིག་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། “དམག་འཐབ”ལྔ་ཡག་པོ་རྒྱག་པ། བྱེད་སྒོའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་པ་མ་ཟད། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་སྒུལ་ཤུགས་སུ་བྱས་ཏེ་དེང་སྐབས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེན་གྱིས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གིས་གོམ་སྟབས་རྗེས་མའི་ལས་དོན་ཁྲོད་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཚད་གཞི་སྔར་བས་མཐོ་བ་དང་། བླང་བྱ་སྔར་བས་ནན་པ། བྱ་ཐབས་སྔར་བས་ནུས་ལྡན་བཅས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོར་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག