མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱིས་ཡུལ་སྐོར་གྱི་རྣམ་གྲངས་ལ་གཙོ་གནད་སྐུལ་སྤེལ་གཏོང་བའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གོང་ཚེས་ཉིན་གྱི་ཕྱི་དྲོ་ལྷ་སར་ལྗོངས་ཡོངས་ཀྱི་ཡུལ་སྐོར་གྱི་རྣམ་གྲངས་ལ་གཙོ་གནད་སྐུལ་སྤེལ་གཏོང་བའི་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”ཡུལ་སྐོར་གྱི་རྣམ་གྲངས་ལ་གཙོ་གནད་སྐུལ་སྤེལ་གཏོང་བའི་་སྙན་སེང་ལ་ནན་ཏན་ངང་ཉན་ནས་མིག་སྔའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཙེང་ཝན་མིང་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་བླང་བྱར་ནན་པོར་གཞིགས་ཏེ“འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ནི་རྣམ་གྲངས་ལ་དམ་འཛིན་བྱེད་པ་ཡིན་ལ་རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་མ་འཇོག་ལ་དམ་འཛིན་བྱེད་པ་ཡིན། མ་འཇོག་ལ་དམ་འཛིན་བྱེད་པ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ཡིན”པའི་ལྟ་བ་བརྟན་པོ་བཙུགས་ནས་རྣམ་གྲངས་གཉེར་སྐབས་གསོག་འཇོག་ལ་དམ་འཛིན་དང་། གསོག་འཇོག་བྱེད་སྐབས་དུས་འགོར་དམ་འཛིན། དུས་འགོའི་རྣམ་གྲངས་ཞིབ་མཆན་ལ་དམ་འཛིན། རྣམ་གྲངས་ཞིབ་མཆན་འགོད་པར་འགོ་འཛུགས་ལ་དམ་འཛིན། འགོ་ཚུགས་པའི་རྣམ་གྲངས་དེ་དག་ལ་མྱུར་ཚད་ལ་དམ་འཛིན། སྐྲུན་མུས་ཀྱི་རྣམ་གྲངས་ལས་ལས་འཇུག་བསྡུ་བར་དམ་འཛིན། ལས་འཇུག་བསྡུ་ཟིན་པའི་རྣམ་གྲངས་དེ་དག་་སྤྱོད་རྒྱུར་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་མཐོ་བ་བཅས་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”ཡུལ་སྐོར་དམིགས་ཚད་ཀྱི་ལས་འགན་ལེགས་གྲུབ་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ས་ཁུལ་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་གྱིས་འགན་འཁྲིའི་གཙོ་གནད་དང་། མྱུར་ཚད་ཀྱི་བླང་བྱ། ལེགས་གྲུབ་ཀྱི་དུས་བཀག་བཅས་ཁ་གསལ་བཟོས་ནས་རྣམ་གྲངས་དག་དུས་ཐོག་ཏུ་ལས་འགོ་འཛུགས་པ་དང་། རྒྱུན་གཏན་ཨར་རྒྱག དུས་ཐོག་ཏུ་ལས་མཇུག་འགྲིལ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག