མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས། ཞིང་འབྲོག་པར་གནམ་གཤིས་ཞབས་ཞུའི་ལས་དོན་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་གསལ། ཉེ་ཆར་ལྗོངས་གནམ་གཤིས་ཅུས་དང་ཞིང་འབྲོག་ཐིང་གཉིས་ཀྱིས《ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་མངགས་བཅོལ་གྲོས་ཡིག》བཞག་ནས་གསར་དར་ཞིང་འབྲོག་ལས་རིགས་གཉེར་སྐྱོང་གཙོ་གཟུགས་ལ་ཁ་ཕྱོགས་པའི་གནམ་གཤིས་ཞབས་ཞུ་དང་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་གནམ་གཤིས་ཞབས་ཞུའི་ཆ་འཕྲིན་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུའི་འགན་འཁྲི་དང་འཛུགས་སྐྲུན་ནང་དོན་ཁ་གསལ་བཟོས་པ་རེད།

    གྲོས་མཐུན་ཡི་གེ་ལྟར་ན། རང་ལྗོངས་ཀྱིས་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་74རུ་ཤང་དང་གྲོང་རྡལ་གྱི་གནམ་གཤིས་ཆ་འཕྲིན་ཞབས་ཞུ་ས་ཚིགས་བཙུགས་ཤིང་། གནམ་གཤིས་ཆ་འཕྲིན་ཞབས་ཞུ་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་ལས་དོན་སྒྲུབ་མཁན་ཆེད་ལས་ལག་རྩལ་མི་སྣ་1ནས་2བར་བཀོད་སྒྲིག་བྱས་ནས་ཞིང་འབྲོག་པ་ཚོར་གནམ་གཤིས་གནོད་འཚེའི་སྔོན་བརྡ་དང་། རིགས་ཁག་ཞིང་འབྲོག་ལས་རིགས་ཀྱི་གནམ་གཤིས་ཞབས་ཞུ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་བཅས་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག