མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཁྲེང་ཏུའུ་དམག་ཁུལ་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཏེའོ་གོ་ཤིན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། བོད་དམག་ཁུལ་ཁང་གི་སི་ལིན་ཡོན་གཞོན་པ་དང་ཚན་མོའུ་ཀྲང་གཅིག་ལྕོགས་ཡིན་པའི་ཙང་གཡོད་ཅུན། རང་སྐྱོང་ལྗོངས་དམག་བསྡུའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བོད་དམག་ཁུལ་ཁང་གི་སི་ལིན་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀུའོ་ལན་བཅས་རྒྱལ་ཡོངས་དང་ཁྲེང་ཏུའུ་དམག་ཁུལ་ཁང་གི་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རར་ཞུགས་པ་རེད།

    ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་དུས་བབ་གསལ་རྟོགས་དང་བསམ་བློ་གཅིག་གྱུར་བྱས་ཏེ་དམག་བསྡུའི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་འགྱུར་མེད་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་རང་ལྗོངས་བརྟན་ལྷིང་ཐད་དམག་བསྡུའི་ལས་དོན་གྱིས་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་ཁོང་དུ་ཡང་དག་ཆུད་པ། ད་ལོའི་དམག་བསྡུའི་ལས་དོན་ལ་འཕྲད་པའི་འགྲན་སློང་གསར་པར་སྟངས་འཛིན་ཡག་པོ་བྱེད་པ། དམག་བསྡུ་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས། གཙོ་གནད་ལ་དམ་འཛིན་དང་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཞིབ་བཤེར་གྱི་འགག་སྒོ་ནན་སྲུང་བྱེད་པ། གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། སློབ་ཆེན་སློབ་མ་དེ་བས་མང་བར་སྐུལ་ལྕག་བཏང་ནས་དམག་དཔུང་ནང་ཞུགས་ཐུབ་པ་བྱས་ནས་དཔུང་སྡེར་དམག་མི་ཕུལ་བྱུང་བསྡུ་བ་དང་དམག་མི་སྐྱེད་སྲིང་བྱ་ཆེད་སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་ཡག་པོ་གཏོད་དགོས། སྒྲིག་འཛུགས་དང་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཏན་འབེབས་དོན་འཁྱོལ་ནན་པོ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྲིད་གཙང་དམག་བསྡུར་དམ་འཛིན་བཅས་བྱས་ཏེ་རང་ལྗོངས་ཀྱི་དམག་བསྡུའི་ལས་དོན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱས་ནས། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ད་ལོའི་དམག་བསྡུའི་ལས་དོན་ལེགས་པར་བསྒྲུབས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག