མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་123གསར་སྣོན་བྱས་པ།

མི་གྲངས་བསྡོམས་350ཟིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-16 09:45

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་དཔུང་ཁག་སྔར་བས་སྟོབས་ཆེར་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱུན་འཛིན་དང་སྲུང་སྐྱོང་ནུས་ལྡན་བྱེད་པར་དཔེ་སྟོན་དང་སྐུལ་ཁྲིད་བྱ་ཆེད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚེས་14ཉིན་མི་123ལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཁག་གསུམ་པའི་མིང་བཏགས་ཤིང་། ད་བར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བསྡོམས་350ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བདམས་ཐོན་བྱུང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དེ་དག་སྒྱུ་རྩལ་གྱི་རིགས་མི་འདྲ་བ་ནས་ཡིན་པ་དེའི་ནང་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། གཞས་མ་གཏམ། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་སྨན་དང་སྨན་བཅོས་སོགས་རིགས་ཚུད་ཡོད། རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བ་ངག་དབང་བསྟན་འཛིན་གྱིས་ལྷ་སའི་སྟོད་གཞས་རྒྱུན་འཛིན་པ་བཀྲ་ཤིས་ཚེ་རིང་དང་། བོད་སྨན་གྱི་སྨན་སྒྲུབ་ཆོ་གའི་རྒྱུན་འཛིན་པ་བསོད་ནམས་དངོས་གྲུབ། བོད་ཡིག་གི་ཡིག་གཟུགས་ལན་ཙཱའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་འགྱུར་མེད་ཚུལ་ཁྲིམས། སྐྱོར་མོ་ལུང་གི་ལྷ་མོའི་རྒྱུན་འཛིན་པ་བློ་བཟང་སོགས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་གྱུར་བ་དེ་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱུན་མཐུད་བྱས་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེ་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ལྡན་ཐུབ་རྒྱུ་ཡིན་པ་མཚོན་པ་རེད།

    གྲངས་གཞིའི་ཐོག་ནས་མཚོན་པར་གཞིགས་ན། མིག་སྔར་བོད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་800ཙམ་ཡོད་པ་དང་རྒྱུན་འཛིན་པ་68རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་དང་རྣམ་གྲངས་323དང་རྒྱུན་འཛིན་པ་350རང་སྐྱོང་ལྗོངས་རིམ་པའི་དཀར་ཆག་ནང་བཅུག་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་དེ་དག་ཇི་སྲིད་བསྐལ་བརྒྱར་མི་ཉམས་པ་བྱ་ཆེད་མིག་སྔར་བོད་ཀྱིས་ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་ཡོང་བ་བྱ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག