མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས། ཐུན་མོང་བདག་དབང་ལ་བརྟེན་ནས་ཉོ་སྒྲུབ་རྣམ་པའི་འགན་ལེན་རང་བཞིན་གྱི་ཁང་པའི་ཁེ་བཟང་ཟ་རྒྱུ་བཀག་འགོག་བྱེད་དགོས་ཞེས་བཤད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:58

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་སྤྱི་ཁྱབ་དཔལ་འབྱོར་ཆེ་མོ་བ་ཧྥུང་ཅུན་གྱིས་ཉེ་ཆར་བསྟན་དོན། ཐུན་མོང་བདག་དབང་ལྡན་པའི་ཁང་པ་འཕེལ་རྒྱས་གཏོང་བ་དང་ཐུན་མོང་བདག་དབང་སྤྱད་དེ་བདག་དབང་ཡོད་མཁན་དང་སྲིད་གཞུང་དབར་གྱི་བདག་དབང་བསྡུར་ཚད་ཀྱི་འབྲེལ་བ་ཁ་གསལ་བཟོས་ཁར་བདག་དབང་བསྡུར་ཚད་ཀྱི་འབྲེལ་བར་གཞིགས་ནས་ཉོ་ཚོང་བྱེད་པའི་བགོ་འགྲེམས་བསྡུར་ཚད་གཏན་འཁེལ་བྱེད་པའི་དམིགས་ཡུལ་ནི་ཉོ་སྒྲུབ་རྣམ་པའི་འགན་ལེན་རང་བཞིན་གྱི་ཁང་པའི་ཁེ་བཟང་ཟ་རྒྱུ་བཀག་འགོག་བྱེད་རྒྱུ་དེ་རེད།

    ཧྥུང་ཅུན་གྱིས་དེ་གར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གཏམ་བཤད་དེ་དག་སྤེལ་བ་རེད།

    ཧྥུང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐུན་མོང་བདག་དབང་ལྡན་པའི་ཁང་པས་ནུས་པ་གཉིས་ཐོན་པ་སྟེ། གཅིག་ནི་ཐུན་མོང་བདག་དབང་ལ་བརྟེན་ནས་མང་ཚོགས་ཁག་གཅིག་གིས་རང་ཉིད་ཀྱིས་དངུལ་ཁག་གཅིག་བཏོན་ཏེ་ཁང་པའི་གནད་དོན་ཐག་གཅོད་བྱེད་ཆོག་པ་དང་གཅིག་ཤོས་ནི་ད་ཡོད་ཀྱི་གོང་ཁེ་གོ་ཆོད་ཀྱི་ཁང་པ་དང་གོང་བཅད་ཚོང་སྒྱུར་ཁང་པའི་ལམ་ལུགས་ཚད་ལྡན་བཟོ་རྒྱུ་དེ་གཉིས་ཡིན་ཞིང་། ལམ་སྲོལ་དེ་ལྟ་བུར་བརྟེན་ནས་ཉོ་སྒྲུབ་རྣམ་པའི་འགན་ལེན་རང་བཞིན་གྱི་ཁང་པའི་ཁེ་བཟང་ཟ་རྒྱུ་བཀག་འགོག་བྱས་ཏེ་ཉོས་པའི་ཁང་པ་དེ་ནི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པ་ལས་སྐབས་བསྟུན་ཁེ་བཟང་བཟའ་བྱེད་མིན། ད་ཆ་རྒྱལ་ཡོངས་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲེང་ཀྲེན། ཁྲེང་ཏུའུ། ཧོའེ་ཨན། ཧོང་ཧྲེ་བཅས་གྲོང་ཁྱེར་6པོ་དེ་དག་ཐུན་མོང་བདག་དབང་ལྡན་པའི་ཁང་པའི་ཚོད་ལྟ་བྱ་ཡུལ་ལ་གཏན་འཁེལ་བྱས་ཡོད། ཧྥུང་ཅུན་གྱིས“ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་གནད་དོན་མང་པོ་ཞིག་ཚོད་ལྟ་བྱས་ཏེ་ཐག་གཅོད་བྱེད་དགོས། ད་ཆ་ས་ཆ་ཁ་ཤས་ཀྱིས་ཚོད་ལྟའི་ལས་དོན་གྱི་ལམ་ལུགས་དེ་བས་འཐུས་ཚང་དང་ཞན་ཆ་དེ་བས་ཉུང་དུ་གཏོང་ཆེད་ཇུས་གཞི་བཟོ་རྩིས་ཡོད”ཅེས་བཤད་པ་རེད།

    (བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསོད་ནོར་དང་བསྟན་བློས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག