མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉེ་བའི་ཉིན་བཅུའི་རིང་གི་ལྷ་སའི་ཆ་སྙོམས་དྲོད་ཚད་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཧྲ་ཧྲེ་ཏུའུ་4ཡི་མཐོ་བ་ཡོད་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-14 12:54

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་གཤིས་ཚ་པོ་བསྟན་སྐབས་ལྷ་སའི་དྲོད་ཚད་ཀྱང་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཧྲ་ཧྲེ་ཏུའུ་4ཡི་མཐོ་བ་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་སྤྱི་ཟླ་6པ་ཤར་ཚུན་ལྷ་སར་ཆར་པ་ཐེངས་གཅིག་ལས་བབས་མེད་པ་དང་མཁའ་རླུང་སྐམ་ཤས་ཆེ་ཙམ་ཡོད།

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་གྲངས་གཞིར་གཞིགས་ན། སྤྱི་ཟླ་6པའི་ཚེས་1ནས་ཚེས་12ཉིན་བར་ལྷ་སའི་ཉིན་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཧྲ་ཧྲེ་ཏུའུ་4ཡི་མཐོ་བ་ཡོད་པ་དང་བསྟུད་མར་ཉིན་10ཡི་རིང་དྲོད་ཚད་མཐོ་ཤོས་ལ་ཧྲ་ཧྲེ་ཏུའུ་27ནས་29བར་དང་དྲོད་ཚད་དམའ་ཤོས་ལ་ཧྲ་ཧྲེ་ཏུའུ་10ནས་15བར་ཟིན་ཞིང་ལོ་རྒྱུས་ཀྱི་དུས་མཚུངས་ལས་མཐོ་བ་ཡོད། རིགས་གཅིག་མཁས་པས། ཉེ་དུས་ལྷ་སར་གནམ་དྭངས་ནས་དྲོད་ཚད་མཐོ་བ་དང་ཆར་ཆུ་ཉུང་བ། རླུང་རྒྱུན་ཚ་བ་བཅས་ཀྱིས་དྲོད་ཚད་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཅུང་མཐོ་བ་བྱུང་བ་རེད་ཅེས་གསུངས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་དཔག་བྱས་ན་སྤྱི་ཚེས་13ཉིན་ནས་14ཉིན་བར་ལྷ་སར་འབྲུག་ཆར་འབབ་པའི་རེ་བ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག