མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བྱེད་ཐབས་ཆེན་པོ་བརྒྱད་ལ་བརྟེན་ནས་མཁའ་རླུང་བཙོག་འགྱུར་སྔོན་འགོག་བྱ་བར་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-06-13 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དུས་དང་རྣམ་པ་ཀུན་དུ་བོད་ལྗོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་པོ་རྒྱུན་འཁྱུངས་བྱ་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཁའ་རླུང་བཙོག་འགྱུར་ལ་སྔོན་འགོག་བྱེད་པའི་བྱ་འགུལ་སྤེལ་བའི་འཆར་གཞི་འགྲེམ་སྤེལ་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར》གྱི་བླང་བྱ་ལྟར། ཉེ་སྔོན་བོད་ལྗོངས་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང《(མཁའ་རླུང་བཙོག་འགྱུར་སྔོན་འགོག་བྱེད་པའི་བྱ་འགུལ་སྤེལ་བའི་འཆར་གཞི)ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》ཞེས་པར་ཆོག་མཆན་ཐོབ།

《ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》ཞེས་པ་ལས་རྒྱ་ཁྱོན་ཆེན་པོའི་འབག་བཙོག་གཙང་བཅོས་དང་། ས་ཁུངས་ཆུང་གྲས་འབག་བཙོག་གཙང་བཅོས་དང་། སྤོ་སྒྱུར་འབག་བཙོག་གི་འབྱུང་ཁུངས་སྔོན་འགོག ཐོན་ལས་སྒྲིག་གཞི་བཀོད་སྒྲིག ཁོར་ཡུག་ཚན་རྩལ་གསར་གཏོད། ཁོར་ཡུག་དཔལ་འབྱོར་སྲིད་ཇུས། ཁོར་ཡུག་ཁྲིམས་སྐྱོང་དོ་དམ། ཁོར་ཡུག་འཚུབ་བསྟུན་སྔོན་ཇུས་སོགས་ཕྱོགས་བརྒྱད་ནས་བོད་ལྗོངས་ཀྱི་མཁའ་རླུང་བཙོག་འགྱུར་ལ་སྔོན་འགོག་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག