མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་ལས་རིགས་ལག་རྩལ་དཔྱད་དཔོག་ས་ཚིགས་དངོས་སུ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-06-13 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་ལྗོངས་ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་དཔྱད་དཔོག་ས་ཚིགས་དངོས་སུ་བཙུགས་པ་དང་། དེ་ནི་ལྗོངས་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་ལས་རིགས་ལག་རྩལ་དཔྱད་དཔོག་ས་ཚིགས་ཨང་དང་པོ་དེ་ཡིན་ཞིང་། དེས་རང་ལྗོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྣེ་འཁྲིད་དང་དཔེ་སྟོན་ནུས་པ་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད། ལས་རིགས་ལག་རྩལ་དཔྱད་དཔོག་ས་ཚིགས་སུ་དམའ་རིམ་དང་འབྲིང་རིམ་རིམ་པ་གཉིས་སུ་དབྱེ་བ་དང་། དེའི་ནང་མ་ཆེན་དང་ཟ་ཁང་ཞབས་ཞུ་བ། ཡུལ་སྐོར་སྣེ་ཤན་སོགས་ལས་རིགས་ཁག12ཀྱི་དཔྱད་དཔོག་ལས་དོན་ཚུད་ཡོད་པ་དང་། དཔྱད་དཔོག་གི་ཁྱབ་ཁོངས་དང་དཔྱད་དཔོག་བྱ་ཡུལ་ནི་ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག