མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ས་ངོས་ཆུ་འགོ་བསྐྲུན་ཡུལ་འདེམས་པའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-13 10:54

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་འགོ་ཁྲིད་ཚལ་གུང་ཐང་ཤང་དུ་བསྐྱོད་ནས་ཡུལ་དངོས་སུ་ས་ངོས་ཆུ་འགོ་བསྐྲུན་ཡུལ་འདེམས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། ཡུལ་དངོས་གཞུང་སྒྲུབ་ཀྱིས་ཆུ་འགོ་བསྐྲུན་ཡུལ་འདེམས་པ་དང་། རིགས་པས་ཁུངས་སྐྱེལ། བརྟག་ཞིབ། ཕྱོགས་མང་པོར་བསམ་འཆར་བསྡུ་ལེན་སོགས་དུས་འགོའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་འབྲེལ་ཡོད་མི་སྣའི་གནས་ཚུལ་ངོ་སྤྲོད་གསན་ཞོར་དེ་གར་ས་ངོས་ཆུ་འགོ་བསྐྲུན་ཡུལ་འདེམས་པའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། འབྲེལ་ཡོད་སྡེ་ཚན་ཁག་ལ་ངེས་པར་དུ་ས་ངོས་ཆུ་འགོ་བསྐྲུན་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་དགོས་པ་དང་། གཞོགས་འདེགས་དམ་ཟབ་དང་སྐུལ་སྤེལ་མཐུན་སྦྱོར་གྱིས་ཆུ་འགོའི་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་འགྱུར་བར་དུས་ཐོག་དང་ཡང་དག་ངང་ཤེས་རྟོགས་ཀྱིས་གསར་དུ་བསྐྲུན་པའི་ས་ངོས་ཆུ་འགོའི་ལས་གྲྭའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས། གཅིག་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་སྟོབས་ཤུགས་དང་མཐུན་སྦྱོར་ཧུར་ཐག་གིས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ཆུའི་ཐོན་ཁུངས་ཀྱི་ལུགས་མཐུན་བཀོད་སྒྲིག་ལས་ཀ་ཡག་པོ་བསྒྲུབ་དགོས། “འཐབ་ཇུས་ཆེ་གྲས་ལྔ”ལག་བསྟར་དང་ལྷག་དོན་དུ“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་རྒྱུ”དེ་ལས་ཀའི་གཞི་འཛུགས་ས་དང་དོན་ལ་འབབ་སར་བྱ་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་ནས་ས་ངོས་ཆུ་འགོ་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ་ལྷ་སའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་རྟག་བརྟན་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག