མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྨར་ཁམས་རྫོང་གི་ལས་བྱེད་ལས་བཟོས། གཞན་གྱི་འཚོ་བ་ཉམས་སུ་མྱོང་བའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-13 10:54

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་མང་ཚོགས་དང་ལས་བྱེད་ལས་བཟོའི་བསམ་བློ་གཏོང་ས་དང་ཁོང་ཚོའི་དཀའ་ངལ་ཤེས་རྟོགས་བྱ་ཆེད།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་གིས“མེ་ལོང་ལ་ལྟ་བ་དང་། ཞྭ་གོས་སྲོང་བ་། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རྫོང་དེ་ཡོངས་སུ་ལས་བྱེད་ལས་བཟོས་གཞན་གྱི་འཚོ་བ་ཉམས་སུ་མྱོང་བའི་བྱེད་སྒོ་སྤེལ་བ་རེད།

    གཞན་གྱི་འཚོ་བ་ཉམས་སུ་མྱོང་བའི་བྱེད་སྒོའི་ཁྲོད་སྨར་ཁམས་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ཉིན་གཅིག་བྱེད་པ་དང། ཞིང་ལས་ཉིན་གཅིག་བྱེད་པ། ཞིང་ཁྱིམ་གྱི་ལྟོ་ཆས་ཉིན་གཅིག་བཟའ་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་གནས་བབ་བརྗེས་པས་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཚོར་ཐུབ་ཡོད་ལ། གཞི་རིམ་མང་ཚོགས་དང“གཅིག་སེམས་གཅིག་སྒྲིལ”གྱི་སྤེལ་རེས་སྟེགས་བུ་འཛུགས་ཐུབ་ཡོད། དེ་དང་ཆབས་ཅིག་གཞན་གྱི་འཚོ་བ་ཉམས་སུ་མྱོང་བའི་བྱེད་སྒོའི་ནང་སྨར་ཁམས་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་ཉིད“ནད་པར”བརྩིས་ཏེ་མེ་ལོང་ལྟ་བུ་ཡིན་པའི“མང་ཚོགས”དང་ཞིབ་བསྡུར་གྱིས་རང་ངོས་དང་དེ་བཞིན་རང་གནས་སའི་ཚན་པར་གནས་པའི“སྤྱོད་ཚུལ་བཞིའི”གནད་དོན་བཙལ་ཏེ་རང་ངོས་ཀྱི་སྤྱོད་ཚུལ་ལེགས་གཏོང་ལ་སྐུལ་འདེད་བཏང་བ་དང་འབྲེལ་རང་ངོས་ཀྱི་ཞབས་ཞུའི་ཆུ་ཚད་དང་ལས་ཀའི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།

    མིག་སྔའི་བར་སྨར་ཁམས་རྫོང་གི་ཤང(གྲོང་རྡལ)13གྱི་ཏང་ཡོན་ལས་བྱེད་པ་ཚོས་རང་འགུལ་ངང་ངལ་རྩོལ་ནུས་ཤུགས་ཞན་པའི་ཁྱིམ་ཚང་དང་འབྲེལ་བ་བྱས་ཏེ་གཞུང་ལས་ཁང་ནས་ཐོན་ཏེ་ཞིང་འབྲོག་མང་ཚོགས་དང་མཉམ་བཟའ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ནས་གཞི་རིམ་མང་ཚོགས་ཚོའི་འཚོ་བ་ཉམས་སུ་མྱོང་བའི་ནང་གཞི་རིམ་མང་ཚོགས་ལ“ཐབས་ཤེས་འཚོལ་རོགས”བྱས་པ་དང་། རང་ཉིད་ཀྱི“མི་འདང་ས”བཙལ་ནས“མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ལམ་ཕྱོགས་ལག་ལེན་ཐོག་འཁྱོལ་ཐུབ་པ”བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག