མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྱད་ལྡན་གསོ་སྤེལ་ལས་རིགས་། དམངས་ཀྱི་འབབ་འཕར་ཐབས་བཟང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-12 11:29

    ཉེ་བའི་ལོ་ཤས་ནང་། རང་ལྗོངས་ཀྱིས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་མ་འཇོག་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནས་དང་། འབྲི་གཡག བོད་ཕག་སོགས་ལེགས་ཆ་ལྡན་པའི་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་དང་། ཐོན་ལས་ཁུལ་སྐྲུན་མགྱོགས་སུ་བཏང་བར་བརྟེན། བོད་བྱང་ཤར་རྒྱུད་ཀྱི་འབྲི་གཡག་དང་། བོད་དབུས་ཁུལ་གྱི་བཞོན་མ་དང་སྤུས་ལེགས་འབྲུ་རིགས་དང་པད་ཁ། གྲོང་ཁྱེར་ཉེ་འདབས་ཁུལ་གྱི་སྤྱི་གནོད་མེད་པའི་སྔོ་ཚལ་དང་བོད་ཕག་སོགས་ཁྱད་ལྡན་ཐོན་ལས་སྤུས་རྟགས་ཁག་གཅིག་ཐོན་ནས་ཞིང་འབྲོག་པ་སྔར་ལས་མང་བ་ཞིག་འབབ་འཕར་ཕྱུག་འགྱུར་ཐུབ་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་བོད་ཕག་གསོ་སྤེལ་རྟེན་གཞིའི་ཕག་གསོ་བས་བོད་ཕག་ལ་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག