མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ཡོངས་སུ་ཁྱབ་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-12 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་དུ་སྤེལ་བཞིན་པའི་སྐབས་འདིར། མང་ཚོགས་ཕྱི་རོལ་དུ་འགྲོ་བར་སྟབས་བདེ་བཟོ་ཆེད། ཉེ་སྔོན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྤྱི་སྤྱོད་རླངས་འཁོར25བཏང་སྟེ། གྲོང་ཁྱེར་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། དེའི་ནང་རླངས་འཁོར་གསར་བ18གྲོང་ཁུལ་གྱི་ལམ་ཐིག་སོ་སོ་ཐོག་གཏོང་རྒྱུ་ཡིན་པ་དང་། རླངས་འཁོར་ལྷག་མ7གྲོང་ཁུལ་ནས་གཞིས་རྩེ་མེ་འཁོར་ས་ཚུགས་བར་གྱི་ལམ་ཐིག་ཕྱོགས་ལ་བཏང་ཡོད། སྤྱི་སྤྱོད་རླངས་འཁོར25བོ་ཤར་གཏོང་བྱས་པ་ལས་གཞིས་རྩེ་གྲོང་ཁྱེར་གྱི་འགྲིལ་འགྲུལ་ལ་སྟབས་བདེ་བསྐྲུན་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་མི་རྣམས་ཕྱི་རོལ་དུ་འགྲོ་བར་འགན་སྲུང་ནུས་ལྡན་བྱེད་ཐུབ་པ་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག