མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་གནམ་གཤིས་རྟོགས་དཔྱོད་ཅུའུ་ཡིས་རོང་འབྲོག་པར་གནམ་གཤིས་ཞབས་ཞུ་ཐད་ཀར་དུ་མཁོ་འདོན་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-12 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གནམ་གཤིས་རྟོགས་དཔྱོད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་བོད་ལྗོངས་གནམ་གཤིས་རྟོགས་དཔྱོད་ཅུའུ་ཡིས་བོད་ལྗོངས་ཞིང་ཕྱུགས་ཐིན་དང《གྲོང་རྡལ་གྱི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་མངག་བཅོལ་གྲོས་ཡིག》གི་གན་རྒྱ་བཞག་སྟེ། ཞིང་ཕྱུགས་ལས་གསར་བའི་བདག་གཉེར་རྣམ་གྲངས་ཀྱི་གནམ་གཤིས་ཞབས་ཞུ་དང་གྲོང་རྡལ་གྱི་ཞིང་ཕྱུགས་ལས་ཕྱོགས་བསྡུས་གནམ་གཤིས་ཞབས་ཞུ་ཆ་འཕྲིན་ས་ཚིགས་འཛུགས་སྐྲུན་བྱ་བ་སྤེལ་བའི་ལས་འགན་དང་འཛུགས་སྐྲུན་རྣམ་གྲངས་གཏན་ཁེལ་བྱས།

གྲོས་ཡིག་ལྟར་ན། བོད་ལྗོངས་ཀྱིས་གྲོང་རྡལ་གྱི་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས74རུ་གྲོང་རྡལ་གྱི་གནམ་གཤིས་ཆ་འཕྲིན་ཞབས་ཞུ་ས་ཚུགས་བསྐྲུན་རྒྱུ་ཡིན་ཞིང་། ཆེད་ལས་ལག་རྩལ་མི་སྣ1ནས2བཀོད་སྒྲིག་བྱས་ཏེ་གནམ་གཤིས་ཆ་འཕྲིན་ཞབས་ཞུ་དང་གནོད་འཚེ་སྔོན་འགོག་སྐོར་གྱི་བྱ་བ་གཉེར་རྒྱུ་ཡིན་པ་དང་། ནུས་ཤུགས་ཡོད་དགུས་རོང་འབྲོག་པར་གནམ་གཤིས་གནོད་འཚེ་སྔོན་ཟོན་ཆ་འཕྲིན་དང་། ཞིང་ཕྱུགས་ལས་གནམ་གཤིས་ཞབས་ཞུ་ཆ་འཕྲིན། རོང་འབྲོག་ཁུལ་གྱི་དཔལ་འབྱོར་ཆ་འཕྲིན་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག