མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་དེ་ལག་བསྟར་དུས་མཚམས་སུ་སླེབས་པ།

    2014-06-12 10:49

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་ཀྱི་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་འགོ་ཚུགས་པའི་མཛད་སྒོ་འཕྱོངས་རྒྱས་རྫོང་དུ་སྤེལ་ཞིང་། འཕྱོངས་རྒྱས་རྫོང་དེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཁུལ་འབའ་ཞིག་ཏུ་གཏན་འཁེལ་བྱས་ཤིང་། དེའི་ཐོག་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལས་དོན་དེ་ལག་བསྟར་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་རྩར་བརྟེན་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བླང་བྱ་དང《ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བསམ་འཆར》སྒོ་ཀུན་ནས་ལག་བསྟར་བྱ་ཕྱིར། མི་དམངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)དང་རང་སྐྱོང་ལྗོངས་31ལ“གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཁུལ”གྱི་རྫོང་31གཏན་འཁེལ་བྱས་པ་རེད། གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཁུལ་བཙུགས་པ་དེས་ཡིད་རྟོན་ལྡན་པ་དང་། ཁྲོམ་ར་ཡོད་པ། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ལྡན་པ་བཅས་ཀྱི་གྲོང་གསེབ་ཀྱི་དཔལ་འབྱོར་གཙོ་གཟུགས་ཀྱི་མ་དངུལ་མཉམ་བསྲེས་ངང་འཕེལ་རྒྱས་གཏོང་བ་དང་དེ་བཞིན་ལས་ཞུགས་ལ་སྣེ་ཁྲིད་དང་། ནང་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ལ་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག