མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲེན་ཆོན་གོས་གོང་དཀར་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-12 10:48

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་གཏུག་ས་ཚིགས་ཏེ།གོང་དཀར་རྫོང་དུ་ཕེབས་ནས་གོང་དཀར་རྫོང་ཨུད་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་བ་དང་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་མཛུབ་སྟོན་གལ་ཆེན་གནང་བ་རེད།རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་།ཚང་མས“བདུན་གཏོར་བདུན་འཛུགས”ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ལས་ཀའི་སྤྱོད་ཚུལ་བཟང་པོའི་ཐོག་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་འཆི་མེད་རིག་འཛིན་གྱིས་ལྷོ་ཁ་ས་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་།ལག་བསྟར་ཡག་པོ།དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་།ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་པའི“བདུན་གཏོར་བདུན་འཛུགས”ཀྱི་བླང་བྱ་ཚད་གཞིར་བྱས་ཏེ་ས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་དང་ཚོགས་འདུ་ཡག་པོ་འཚོགས་ཏེ་ས་ཁུལ་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚད་གཞི་དང་སྤུས་ཚད་མཐོ་བའི་ངང་འཚོག་རྒྱུ་འགན་ལེན་དང་།མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ཕན་འབྲས་དངོས་ཐོན་པ།ས་ཁུལ་ཡོངས་ཀྱི་ལས་དོན་ཁག་སྐས་རིམ་གསར་པ་དང་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།ལྷོ་ཁ་ས་ཁུལ་གྱི་རྫོང་ཁག་གི་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱས་ནས་བཅོས་སྒྲིག་དང་དོན་འཁྱོལ་གཏིང་ཟབ་ཏུ་གཏོང་བ་དང་།སྒྲིག་གཞི་དང་ལམ་ལུགས་ཡག་པོ་འཛུགས་པ།སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡིད་ཆེས་ཆེར་གཏོང་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།གསར་འབྱེད་གསར་གཏོད།དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་ནས་ལྷོ་ཁ་ས་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་སུང་ཡན་ཆིང་གིས་ཧྲུའུ་ཅི་ཁྲེན་ཆོན་གོས་གོང་དཀར་རྫོང་ཨུད་ཀྱི་རྒྱུན་ཨུད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཆ་ཚང་ལ་ཞུགས་པ་དང་འབྲེལ་མཛུབ་ཁྲིད་ཞིབ་ཚགས་ཀྱང་གནང་ཡོད།ཁོང་གིས་གནང་བའི་གསུང་བཤད་གལ་ཆེན་དེ་གཞི་རིམ་ཏང་ཡོན་ལས་བྱེད་པས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ།ཏང་ནང་ཁུལ་གྱི་འཚོ་བ་ནན་དུ་གཏོང་བ།ཏང་གཤིས་བློ་སྦྱོང་ཟབ་ཏུ་གཏོང་བ།དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།གོམ་སྟབས་རྗེས་མར་ཧྲུའུ་ཅི་ཁྲེན་ཆོན་གོའི“བདུན་གཏོར་བདུན་འཛུགས”ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འགོ་འཛུགས་སར་བྱས་ཏེ་ཏང་ཡོན་ལས་བྱེད་པའི་མང་ཚོགས་ཀྱི་ལྟ་བ་ཟབ་ཏུ་གཏོང་བ་དང་།སྤྱོད་ཚུལ་ལེགས་སུ་གཏོང་བ།ལས་ཆོད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་།སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པའི་ཐོག་ནས་མཛོ་སྒང་རྫོང་གི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་སྤྱིན་ཀླུ་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཉི་མ་ཚེ་རིང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཤིང་།ཁོང་གིས་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་སུ་ལས་འགན་འཁུར་མཁན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས་མུ་མཐུད་ཏན་ཏན་ཏིག་ཏིག་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དང་།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་འཇུག་གཞིར་བྱས་ནས་ལས་དོན་སྤེལ་སྟངས་ཁྲོད་ཀྱི“ཚད་གཞི”སྟངས་འཛིན་ཡག་པོ་བྱེད་པ་དང་རང་གཅུན་ནན་པོ་བྱས་ཏེ་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་གཟུགས་བརྙན་བཟང་པོ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གཙང་ཁ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག(སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་གིས་མངགས)གི་རུ་མི་ལི་ཅེར་ཏང་ཡོན་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་།ཁོང་གིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ་བརྒྱུད་ཕན་པ་ཆེན་པོ་ཐོབ་བྱུང་།གསུང་བཤད་དེ་ནི་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་ལག་བསྟར་ཏན་ཏིག་བྱེད་པའི་ལྕག་སྐུལ་ཞིག་ཡིན་པ་དང་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་འགག་རྩའི་དུས་སུ་ང་ཚོས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བརྗོད་པ་རེད།ཁོང་གིས་དོན་དངོས་ནས་འགོ་བཙུགས་ཏེ་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་ལྟ་བ་སེམས་ལ་བརྟན་པོར་བཅངས་ནས་དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག