མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡུལ་སྐོར་དུས་བཟང་བསུ་ཆེད་བོད་ལྗོངས་ཀྱིས་འགྲིམ་འགྲུལ་གཞུང་ལམ་གྱི་བདེ་འཇགས་ལ་བཅོས་སྐྱོང་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-12 10:05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཟླ་བ་ལྔ་བ་ནས་དགུ་བའི་བར་ཀྱི་ཡུལ་སྐོར་དུས་བཟང་རིང་ལ་དོན་རྐྱེན་བྱུང་མང་བ་དང་བྱུང་སླ་བའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལས་དོན་ལེགས་པོ་གཉེར་ཆེད་དང་། འགྲིམ་འགྲུལ་དོན་རྐྱེན་སྣ་མང་སྔོན་འགོག་བྱེད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་གཞུང་ལམ་བདེ་འཇགས་དོ་དམ་གྱི་དུས་རིམ་ཁྱད་ཆོས་དང་འབྲེལ་ནས། ལྗོངས་ཡོངས་ཀྱི་མངའ་ཁོངས་སུ་འགྲིམ་འགྲུལ་བདེ་འཇགས་བཅོས་སྐྱོང་ལས་དོན་རབ་དང་རིམ་པ་སྤེལ་བ་རེད།

མཚོ་བོད་འགྲིམ་འགྲུལ་གཞུང་ལམ་དོ་དམ་ལས་དོན་གྲོས་མཐུན་ཡོང་བར་ཤུགས་བསྣན། གྲོས་མཐུན་ཚོགས་འདུ་བརྒྱུད་ནས། ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ཁོངས་གཏོགས་ས་ཁུལ་དོ་དམ་གྱི་ལས་འགན་ལ་ལྟ་སྐུལ་སྔར་ལས་ལྷག་པ་བྱེད་ཆེད། རྒྱལ་ལམ་ཨང109 པ་དང་ཨང318 པ། ཨང219 པ། འགྲམ་གྱི་འགག་སྒོ་ནས་ས་དགའ་རྫོང་བར་གྱི་གཞུང་ལམ་སོགས་ལམ་རྒྱུད་གལ་ཆེན་གྱི་དོ་དམ་ཚོད་འཛིན་ནུས་ཚད་ཇེ་ཆེར་བཏང་སྟེ། ཡུལ་སྐོར་དུས་བཟང་སྐབས་ལ་གཞུང་ལམ་ཤར་གཏོང་དང་བདེ་འཇགས་འཆམ་མཐུན་གྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་པ་རེད།

ཡུལ་སྐོར་མགྲོན་འཁོར་གྱིས་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་བྱས་པར་དུས་གཏན་འཁེལ་ནང་ཞིབ་བཤེར་བྱེད་པའི་ལམ་ལུགས་བཙུགས། བདེ་འཇགས་ལྟ་སྐུལ་དང་སྐྱེལ་འདྲེན་དོ་དམ། ཡུལ་སྐོར། འགྲིམ་འགྲུལ་ཁྲིམས་འཛིན་སོགས་ལྟ་སྐུལ་དོ་དམ་སྡེ་ཁག་དང་། མགྲོན་པོ་དང་དངོས་ཟོག་སྐྱེལ་འདྲེན་ལས་རིགས་སྐོར་ཞིག་གིས། དུས་བཅད་ལྟར་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡར་ཞུ་ཚོགས་འདུ་འཚོག་པའི་དུས་མཚུངས་སུ། གསར་འགྱུར་སྨྱན་སྦྱོར་ཚོགས་པས་དུས་དང་བསྟུན་ནས་སྤྱི་ཚོགས་ལ་བདེ་འཇགས་ཉེན་ཁ་ཡོད་པའི་འགྲུལ་སྐྱེལ་ལས་རིགས་དང་། ཚབས་ཆེ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཐེངས་མང་བྱུང་བའི་རླངས་འཁོར་དང་ཁ་ལོ་བ་སྐོར་ཞིག་སྤྱི་བསྒྲགས་བྱ་རྒྱུ་མཐུན་སྦྱོར་བྱ་རྒྱུ་རེད།

འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་ཞིབ་བཤེར་བསྒྱུར་བཅོས་བྱས། རྒྱལ་ལམ་ཨང109 པ་དང་། ཨང318པ། ཨང་219 པ་བཅས་དང་། འགྲམ་ནས་ས་དགའ་རྫོང་བར་གྱི་གཞུང་ལམ་སོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་གནད་དོན་ཞིབ་བཤེར་དང་། ཐོ་འགོད། ཡར་ཞུ་ཐག་གཅོད། དུས་བཅད་ལྟར་ཤུགས་ནུས་ལེགས་བཅོས་བཅས་བྱེད་པ་དང་། ད་ལྟ་ལེགས་བཅོས་ཚད་ལྡན་བྱེད་མི་ཐུབ་པའི་ཉེན་ཁ་དང་དོན་རྐྱེན་བྱུང་སླ་བའི་ས་ཚུགས་སུ། དུས་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་ཉེན་རྟགས་དང་ཉེན་བརྡའི་ཆ་འཕྲིན་སྤེལ་དགོས། དགོས་མཁོ་ཡོད་ཚེ་གནས་སྐབས་འགྲིམ་འགྲུལ་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས།

ཕྱོགས་ཡོངས་ནས་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ཞབས་ཞུ་ས་ཚུགས་ཀྱིས་མངག་བཅོལ་ལས་དོན་གཉེར། རླངས་འཁོར་སོ་སོས་བདེ་འཇགས་ཐོ་འགོད་དང་སྐྱེལ་འདྲེན་རླངས་འཁོར་ལ་ཕྱོགས་ལྔ་ངེས་པར་ཞིབ་བཤེར་བྱེད་པའི་ལས་དོན་གཉེར། མངག་བཅོལ་ལས་དོན་བྱེད་ཐབས་སྔར་ལས་ཞིབ་ཚགས་དང་ལམ་ངོས་དོ་དམ་ཚད་ལེན་ནུས་ཤུགས་ཇེ་ཆེར་གཏོང་དགོས་པ་དང་ཆབས་ཅིག གནས་ཚུལ་དང་བསྟུན་ནས་གནས་སྐབས་སུ་ལས་དོན་སྒྲུབ་གནས་ཁ་སྣོན་དང་ལམ་ངོས་ཀྱི་སྐོར་ཞིབ་ནུས་ཚད་ལ་ཤུགས་བསྣན་ཏེ། དྲག་ཆས་ཉེན་རྟོག་མཐོང་ཚད་དང་དོན་དག་ཐག་གཅོད་བྱེད་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་རེད། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག