མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ད་ལོར་དབུལ་སྐྱོར་ཞིང་སྤེལ་མ་དངུལ་སྒོར་དུང་ཕྱུར2ལྷག་གཏོང་རྩིས་ཡོད།

  ཡོང་ཁུངས། བོད་ལྗོངས་ཞིན་རེའི་ཚགས་པར།  2014-06-11 16:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་དབུལ་སྐྱོར་ཞིང་སྤེལ་རྣམ་གྲངས89བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར2ལྷག་གཏོང་རྩིས་ཡོད།

རྒྱུས་ལོན་ལྟར་ན། དབུལ་སྐྱོར་གསར་སྤེལ་ཐད་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི9252.8གཏོང་རྩིས་ཡོད་པ་དང་། རྣམ་གྲངས70ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་ནོར་སྲིད་མ་དངུལ་སྒོར་ཁྲི10960གཏོང་རྩིས་ཡོད་པ་དང་། རྣམ་གྲངས19ལག་བསྟར་བྱ་རྒྱུ་ཡིན་ཏེ། ཚད་གཞི་མཐོན་པོའི་ཞིང་ས་མུའུ་ཁྲི2.85འཛུགས་སྐྲུན་བྱེད་རྩིས་ཡོད། མིག་སྔའི་བར་དུ་བསྡོམས་པས་དབུལ་སྐྱོར་ཞིང་སྤེལ་རྣམ་གྲངས74བརྩོན་ལེན་བྱས་ཡོད་དེ། རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི16560བརྩོན་ལེན་བྱས་ཡོད་པ་རེད།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག