མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་ཞིང་སྡེའི་འོས་འགན་སློབ་གསོའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་ནན་མོ་བྱས་པ།

  ཡོང་ཁུངས། བོད་ལྗོང་སཉིན་རེའི་ཚགས་པར།  2014-06-11 16:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་སློབ་གསོ་ཕྱོགས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ཞིང་སྡེའི་འོས་འགན་སློབ་གསོའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་ནན་མོ་བྱས་ཤིང་། 2013ལོ་ཧྲིལ་བོར་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཐད་མ་དངུལ་སྒོར་ཁྲི596.97དངོས་འབེབས་བྱས་པ་དང་། སློབ་མ་མི11740ལ་ཁེ་ཕན་ཐོབ་པ་རེད།

ཉིང་ཁྲི་ས་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སྤེན་པ་སྒྲོལ་མས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཉིང་ཁྲི་ས་ཁུལ་གྱིས“འགན་ལེན་གསུམ”དངོས་འབེབས་ནན་མོ་བྱས་ཏེ། “འགན་ལེན་གསུམ”གྱི་གྲོན་དངུལ་ལ་དོ་དམ་ནན་མོ་བྱེད་པ་དང་། “འགན་ལེན་གསུམ”གྱི་མ་དངུལ་དངོས་འབེབས་བྱེད་པར་ཁག་ཐེག་བྱས། 2013ལོར་ཧྲིལ་བོར“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་ཁྲི9453.58དངོས་འབེབས་བྱས་ཤིང་། སློབ་མ་མི28526ལ་དངོས་ཕན་ཐོབ། ཞིང་སྡེའི་འོས་འགན་སློབ་གསོའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་ནན་མོ་བྱས་ཏེ། ལོ་ཧྲིལ་བོར་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་ཐད་མ་དངུལ་སྒོར་ཁྲི596.97དངོས་འབེབས་བྱས་པ་དང་། སློབ་མ་མི11740ལ་ཁེ་ཕན་ཐོབ། དེ་མིན་དམངས་ཕན་སྲིད་ཇུས་སོ་སོའི་མ་དངུལ་ཡོངས་རྫོགས་སློབ་གྲྭར་རྩིས་སྤྲོད་བྱས་ཏེ། ལོ15ཡི་རིན་མི་ལེན་པའི་སློབ་གསོའི་སྲིད་ཇུས་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས་པ་ལས། རྒྱ་ཆེ་རོང་འབྲོག་པས་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག