མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཆུ་བེད་ལོ་རྒྱུས་སྟེང་མ་དངུལ་གཏོང་ཚད་ཆེས་མང་བའི་ལས་གཞི་ལས་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་དྲ་བ།  2014-06-10 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་གཙོ་བོའམ་། བོད་ལྗོངས་ཀྱི་ཆུ་བེད་ལོ་རྒྱུས་སྟེང་མ་དངུལ་གཏོང་ཚད་ཆེས་མང་པའི་ཆུ་བེད་ལས་གཞི་སྟེ་ལ་ལྷོ་ཆུ་བེད་ལྟེ་གནས་དང་ཆུ་འདྲེན་ཁུལ་གྱི་ཆ་སྡེབ་བཟོ་འགོད་དེ་གཞིས་ཀ་རྩེ་ནས་སྤེལ་འགོ་ཚུགས། ཚོད་རྩིས་བྱས་པ་ལྟར་ན་ལས་གཞི་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར46.98བཏང་ཞིང་། དེར་མཁོ་བའི་མ་དངུལ་དག་ཀྲུང་དབྱང་གིས་སྔོན་རྩིས་ཁྲོད་མ་དངུལ་བཀོལ་སྒྲིག་བྱས་པ་ལྟར་བཏང་ཡོད། ཚོད་དཔག་བྱས་པ་ལྟར་ན་ལས་གཞི་སྤྱིའི་འཛུགས་སྐྲུན་དུས་ཡུན་ཟླ་བ67ཡིན་ཞིང་། རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། གཞིས་ཀ་རྩེ་ས་ཁུལ་གྱི་ཐན་པ་ཁུལ་ཆེན་པོ་བཞིའི་ཆུའི་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། ཆུ་འདྲེན་ཁུལ་གྱི་ས་ཞིང་མུའུ་ཁྲི45ལྷག་ལ་ཆུ་འདྲེན་ཐུབ་པར་འགན་སྲུང་བཅས་བྱེད་ཐུབ་པ་མ་ཟད། དབུལ་སྐྱོར་གསར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ། གློག་ཤུགས་འདོན་སྤྲོད། ཆུ་ལོག་སྔོན་འགོག་གི་ནུས་པ་འཛུགས་སྐྲུན་བྱེད་པ་བཅས་ལའང་ཁེ་ཕན་ཆེན་པོ་ཐོབ་རྒྱུ་རེད།

རྒྱུས་ལོན་ལྟར་ན། རྒྱལ་ཁབ་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ཁྲོད། ཆུ་བེད་དང་འབྲེལ་བ་ཡོད་པའི་རྣམ་གྲངས16ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར290ལྷག་བཏང་ཡོད། དེའི་ཁྲོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ་མ་དངུལ་སྒོར་དུང་ཕྱུར110ལྷག་བཏང་ཡོད་དེ། “ལོ་ལྔའི་འཆར་གཞི་བཅུ་གཅིག་པ”དང་བསྡུར་ན་ལྡབ་གཅིག་གིས་མང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག