མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གཅིག་བསྡུས་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-06-09 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་། ཚེས6ཉིན་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གིས་ལས་ཁུངས་མང་པོར་མཉམ་འབྲེལ་བྱས་ཏེ་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གད་སྙིགས་གཙང་དག་དང་། ཁོར་ཡུག་སྲུང་སྐྱོབ་ཁྲོམ་སྲང་དུ་དྲིལ་སྒྲོག་བྱེད་པ། “ལྗང་མདོག་གི་འགྲུལ་བཞུད་དང་། ཐྰན་ཉུང་འཚོ་བ”ཞེས་པའི་བདེ་ཐང་ཕེབས་བསྐྱོད་སོགས་ཀྱི་བརྗོད་གཞིའི་བྱེད་སྒོ་སྤེལ་པ་དང་། ལྷོ་ཁ་ས་ཁུལ་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ས་ཁུལ་ནགས་ལས་ཅུས་དང་། ས་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཅུས་སོགས་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ་འཕྲེད་བྱང་འགེལ་བ་དང་། འགྲེམ་བྱང་བཟོ་བ། དྲིལ་སྒྲོག་ཡིག་ཆ་བཀྲམས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེ་བའི་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་གནང་པ་རེད།

ཚེས6ཉིན་གྱི་སྔ་དྲོར། ལྷ་ཀླུ་སློབ་ཆུང་དང་། དྲག་ཆས་ཉེན་རྟོག་རུ་ཁག་པུའུ་ག་གེ་མོའི་སློབ་མ་དང་དམག་མི་༣༠༠ལྷག་ལྷ་ཀླུ་འདམ་ར་རང་བྱུང་སྲུང་སྐྱོབ་ཁུལ་དུ་སླེབས་པ་དང་། ཁོང་ཚོས་རང་སྒེར་གྱིས་གཙང་སྦྲའི་ཡོ་ཆས་བཟུང་ནས“ལྷ་སའི་གློ་བར”གྲགས་པའི་ལྷ་ཀླུ་འདམ་ར་དང་སྲུང་སྐྱོབ་ས་ཁུལ་རྒྱ་བསྐྱེད་པའི་ཁྱབ་ཁོངས་ཀྱི་གད་སྙིགས་ལ་གཙང་སྦྲ་གནང་པ་དང་། གཙང་སྦྲ་བྱས་པའི་གད་སྙིགས་དག་རིགས་དགར་ནས་ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱིས་གཅིག་གྱུར་ཐག་གཅོད་བྱེད་པར་སྤྲད་པ་རེད།

བྱེད་སྒོའི་ཡུལ་དངོས་སུ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་སྐོར་ཁག་བཅུ་བཞི་པའི་འབུམ་རམས་ཞབས་ཞུ་ཚོགས་པའི་འདམ་ར་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་གནང་པ་རེད། འབུམ་རམས་ཞབས་ཞུ་ཚོགས་པའི་ཁོངས་མི་ཀྲང་ལེན་གྱིས་འདམ་རའི་ཐོན་ཁུངས་ཀྱིས་ས་འོག་ཆུའི་ཐོན་ཁོངས་ལ་ཁ་གསབ་བྱེད་ཐུབ་པ་དང་། བྱེ་འགྱུར་སྔོན་འགོག མཁའ་དབུགས་སྤུས་ཚད་བཅོས་སྒྱུར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞེས་ངོ་སྤྲོད་གནང་བྱུང་།“ལྷ་ཀླུ་འདམ་ར་ནི་༢༠༠༥ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བདམས་ཤིང་། དུས་དེ་ནས་བཟུང་སྲུང་སྐྱོབ་གོ་ཆོད་པ་ཐོབ། གད་སྙིགས་གཙང་སྦྲའི་བྱེད་སྒོ་སྤེལ་བ་དེས་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་སྔར་ལས་ལྷག་པའི་ཇེ་མཐོར་བཏང་སྟེ། འདམ་རས་མིའི་རིགས་ལ་ཕན་བདེ་བསྐྲུན་པའི་ནུས་པ་མུ་མཐུད་དུ་འདོན་དགོས”ཞེས་ཀྲང་ལེན་གྱིས་དེ་སྐད་ཟེར།

གཞན། ཁོར་ཡུག་སྲུང་སྐྱོབ། སློབ་གསོ། རིག་གནས་སོགས་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་ལས་ཁུངས་མང་པོས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་ཁྲོམ་སྲང་དུ་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་ནས། འགྲོ་འོང་གྲོང་མིར《ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་སྟོན་གྲོང་ཚོ་གཏོད་པའི་གྲོས་གཞི་འདོན་ཡིག》སོགས་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་རེད། བོད་ལྗོངས་གཡག་འཁོར་རིགས་རུ་ཁག་རྐང་འཁོར་སྤྲོ་སྐྱིད་ཁང་གིས་གཟའ་འཁོར་གཅིག་རིང་རྐང་འཁོར་བཞོན་ནས་ལྷ་ས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་བྱེད་སྒོ་སྤེལ་ནས“ལྗང་མདོག་གི་འགྲུལ་བཞུད་དང་། ཐྰན་ཉུང་འཚོ་བ”ཞེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དར་སྤེལ་གནང་པ་རེད།

ལྷོ་ཁ་ས་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་ཏིང་ཆོན་གྱིས་ལྷོ་ཁ་ས་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་ཟླ6པར་ཡང་བསྐྱར“ཁོར་ཡུག་སྲུང་སྐྱོབ་ཤང་གྲོང་དུ་བསྐྱོད་པ། སློབ་གླིང་དུ་བསྐྱོད་པའི”སྒྲོག་བཤད་བྱེད་སྒོ་དང“སྐྱེ་ཁམས་ཡུལ་སྐོར་དར་སྤེལ་བྱས་ནས་མཛེས་པའི་ལྷོ་ཁ་འཛུགས་བསྐྲུན”བྱེད་ཅེས་པའི་ཆེད་དོན་ཁྲིམས་བསྟར་ཞིབ་བཤེར་དང་བདག་སྐྱོང་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། གོ་སྐབས་འདིར་བསྟུན་ནས་སྤྱི་ཚོགས་ཡོངས་ཀྱི་ནུས་པ་ནང་ཞུགས་དང་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པར་སྐུལ་སློང་བྱས་ནས། མཛེས་པའི་ལྷོ་ཁ་འཛུགས་བསྐྲུན་དང་མཛེས་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་བྱེད་པར་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་མ་ཟད། དྲིལ་སྒྲོག་དང་སློབ་གསོ་རྒྱ་ཆེར་སྤེལ་བ་བརྒྱུད། རྒྱ་ཆེ་བའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དང་། སྐྱེ་ཁམས་འདུ་ཤེས་ལ་ཤུགས་བསྣན་ཏེ་བདེ་ཐང་ཚད་ལྡན་གྱི་འཚོ་བ་རོལ་ཐབས་དང་འཛད་སྤྱོད་བྱེད་ཐབས་ཆགས་ནས་ཐུན་མོང་སྒོས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག