མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རི་དྭགས་གཙོད་ཀྱི་གྲངས་ཀ་མིག་སྔའི་བར་ཁྲི30ལྷག་ལ་སླེབས་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-09 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན།  རི་དྭགས་གཙོད་ཁྱུ་ཞིག་ཨ་ཆེན་གངས་རྒྱབ་རི་འདབས་ཀྱི་རྩྭ་རའི་ནང་བརྒྱུད་བཞིན་པ།  ཉེ་བའི་ལོ་འགའི་རིང་། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་དྲག་ཆས་རྐུ་གསོད་སྤྱོན་ངན་ཇེ་ཉུང་དུ་སོང་བ་བརྒྱུད།  རི་དྭགས་གཙོད་འཚོ་སྡོད་བྱེད་སའི་ཨ་ཆེན་གངས་རྒྱབ་དང་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།  མཚོ་སྔོན་རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཞིན་ཅང་རི་བོ་ཨ་ཨེར་ཅིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ནས་གཙོད་ཕྲུག་གི་སྐྱེས་ཚད་མཐོར་འདེགས་བྱུང་ཡོད་པ་དང་། མིག་སྔའི་བར་གཙོད་ཀྱི་གྲངས་ཀ་ཁྲི30ལྷག་ལ་སླེབས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག