མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱིས་ད་ལོའི་སློབ་གྲྭ་ཆེ་མོ་བ་དམག་མིར་བསྡུ་བའི་མིང་ཐོ་འགོད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-09 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས 5ཉིན། བོད་རང་སྐྱོང་ལྗོངས་ཀྱིས2014ལོའི་སློབ་གྲྭ་ཆེ་མོ་བ་དམག་མིར་བསྡུ་བའི་མིང་ཐོ་འགོད་པའི་དྲིལ་བསྒྲགས་བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་དང་། རང་ལྗོངས་ཀྱི་མཐོ་རིམ་དཀྱུས་མའི་སློབ་གྲྭའི་སློབ་མ་མང་པོ་ཞིག་བློ་འདྲི་དང་མིང་ཐོ་འགོད་པར་སླེབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དམག་མི་བསྡུ་བའི་ལས་དོན་ཚང་མ་དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་དང་། ཐོ་འགོད་ཀྱི་ཞིབ་ཕྲའི་དུས་ཚོད་ནི། སློབ་མ་བུ་རྣམས་སྤྱི་ཟླ 4པའི་ཚེས 10 ཉིན་ནས་སྤྱི་ཟླ 8པའི་ཚེས 5 ཉིན་བར་དང་། སློབ་མ་བུ་མོ་རྣམས་སྤྱི་ཟླ 6 པའི་ཚེས 5 ཉིན་ནས་སྤྱི་ཟླ 8པའི་ཚེས 5ཉིན་བར་རེད། སྤྱིར་བཏང་མཐོ་རིམ་སློབ་གྲྭའི་འདི་ལོར་ཐོན་རྒྱུའི་སློབ་ཐོན་སློབ་མ་དང་སློབ་ཆེན་འགྲིམ་བཞིན་པའི་སློབ་མས་སློབ་གྲྭ་གནས་ས་དང་ཡང་ན་ཐེམ་ཐོ་གནས་སར་མིང་ཐོ་འགོད་ཆོག ད་བར་དྲ་ཐོག་གི་ཐོ་འགོད་དམག་ཞབས་པ 5269 ཟིན་པ་དང་དྲ་བའི་ཐོག་ནས་མིང་འགོད་བྱེད་མཁན 1110 ཟིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག