མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ལ་ཡོངས་བཤེར་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-06-09 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་འཚོགས་པའི་ཉིས་སྟོང་བཅུ་བཞི་ལོའི་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་ཐེངས་དང་པོའི་དབུ་ཁྲིད་ཚོ་ཆུང་གི་ལས་དོན་གྲོས་ཚོགས་སྟེང་ནས་རྒྱུན་ལོན་བྱུང་བ་ལྟར་ན། ན་ནིང་ཟླ་བ་བཞི་བའི་ཚུན་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་ཡོངས་བཤེར་རྐང་འཛིན་པ་དང་དབུ་ཁྲིད་པའི་གསོ་སྦྱོང་ལས་དོན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་རིག་དངོས་བཤམས་སྟོན་ལས་ཁུངས་དང་ས་ཁུལ་གྱི་ཡོངས་བཤེར་དེ་དངོས་གཉེར་གྱི་དུས་རིམ་དུ་སླེབས་པ་མ་ཟད། ལྗོངས་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་གྱི་དུས་རིམ་དང་པོའི་ལས་དོན་ལའང་གྲུབ་འབྲས་ངེས་ཅན་ཐོབ་པས། སྤྱིའི་ཆ་ནས་ལམ་འགྲོ་ཡོང་བཞིན་ཡོད །

རང་སྐྱོང་ལྗོངས་ཀྱི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་དབུ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནམ། ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་སངས་བུ་ཡིས། ཉེ་བའི་ལོ་གཅིག་རིང་དུ། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་ལས་དོན་གྱི་འབྲེལ་ཡོད་བླང་བྱ་ལ་གཞིགས་ནས། སླ་མོ་ནས་དཀའ་བ་དང་། ཐག་ཉེ་ནས་ཐག་རིང་གི་ལས་ཀའི་རྩ་དོན་གཏན་ཁེལ་བྱས་པ་མ་ཟད། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས། ཡོངས་བཤེར་བྱ་ཡུལ་དང་རྩ་འཛུགས་སྒྲིག་གཞི། དམིགས་འབེན་ལས་འགན། ལག་བསྟར་བརྒྱུད་རིམ། ལས་དོན་བརྒྱུད་རིམ། འགྲོ་སོང་ལག་བསྟར། དྲིལ་བསྒྲགས་དང་གྲུབ་འབྲས་དོ་དམ་སོགས་ནང་དོན་བརྒྱད་འདུས་པའི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་ལག་བསྟར་སྐོར་གྱི་འཆར་གཞི་གཏན་འཁེལ་བྱས་པ་རེད། དུས་མཚུངས་སུ། ས་ཁུལ་སོ་སོའི་ཟབ་སྦྱོང་ནང་དོན་ཆ་ཚང་དང་ཚད་ལྡན་ལ་འགན་ལེན་བྱེད་ཆེད། ལྗོངས་ཡོངས་བཤེར་གཞུང་ལས་ཁང་གི་མི་སྣས་སློབ་ཁྲིད་བྱས། མིག་སྔར། ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ་ས་ཁུལ་འདུས་པའི་ཞིབ་བཤེར་གཞུང་ལས་ཁང་གིས་ཁོངས་གཏོགས་སོ་སོའི་རིག་དངོས་ཡོངས་བཤེར་གྱི་ཟབ་སྦྱོང་ལས་དོན་ལེགས་འགྲུབ་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལྗོངས་ཡོངས་ཀྱི་རིག་དངོས་ཡོངས་བཤེར་གྱི་ལག་རྩལ་དང་གཞི་གྲངས། ཐོ་འགོད་ནང་དོན་བཅས་ཚད་ལྡན་དང་གཅིག་གྱུར་གཏོང་ཆེད། བོད་ལྗོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཀྱི་ཁྱད་ཆོས་དང་འབྲེལ་ནས། ལྗོངས་ཡོངས་བཤེར་གཞུང་ལས་ཁང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཐེངས་དང་པོའི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་གྱི་རིག་དངོས་ཐོ་འགོད་ཚད་གཞི་ཞེས་པ་རྩོམ་སྒྲིག་བྱས་ཏེ། རིག་དངོས་ཐོ་འགོད་འབྲི་དེབ་དང་རིག་དངོས་པར་ལེན་སྒྲིག་གྲངས་ཆས། ཆེད་སྤྱོད་རྒྱབ་ལྗོངས་རི་མོ་སོགས་ལས་ཀའི་སྤྱོད་ཆས་གཏན་འཁེལ་བྱས་ཡོད་པ་རེད། བོད་ལྗོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་མི་སྣ་དང་། རང་སྐྱོང་ལྗོངས་རིག་དངོས་དཔྱད་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན་བློ་བཟང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱ་རྒྱུར། མིག་སྔར། ལྗོངས་རིག་དངོས་ཡོངས་བཤེར་གཞུང་ལས་ཁང་གིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ས་གནས་དེ་གའི་རིག་དངོས་སྡེ་ཁག་དང་གཅིག་མཐུན་དུ། སྔ་རྗེས་སུ་ལྷ་ས་དང་གཞིས་ཀ་རྩེ། ཉིང་ཁྲི་སོགས་ས་གནས་ནས་གནས་སྤོ་ཆོག་པའི་རིག་དངོས་ལྔ་སྟོང་ཙམ་ལ་རིག་དངོས་ཐོ་ཡིག་འགོད་པའི་ལས་དོན་གཉེར་བ་དང་། ས་གནས་དེ་དག་གི་རིམ་པ་རྗེས་མའི་ཡོངས་བཤེར་ལས་དོན་ཐད་ལ་རྨང་གཞི་བརྟན་པོ་བཏིངས།

སངས་བུ་ཡིས། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་གནས་སྤོ་ཆོག་པའི་རིག་དངོས་ཡོངས་བཤེར་ལས་དོན་གྱི་འཕེལ་རིམ་དང་རྒྱལ་ཡོངས་ཀྱི་འཕེལ་རིམ་གཅིག་མཐུན་ཡིན་ལ། ལས་དོན་འགའ་རེ་སྤེལ་བ་ཞིང་ཆེན་གཞན་པ་ལས་སྔོན་ཐོན་ཡིན་པ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གདེང་འཇོག་ཐོབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག