མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ཀླུང་གཙང་བོའི་ཟམ་པའི་འགྱུར་ལྡོག་གིས་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ར་སྤྲོད་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-04 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མེ་ཏོག་རྫོང་ནི་རང་བྱུང་ཟམ་པའི་བཤམས་སྟོན་ཁང་ཞིག་དང་འདྲ། ཀྲུང་གོའི་ཆེས་མཇུག་མཐའི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་ཁག་དེ་ནས། ཁྱེད་རང་གིས་ཟམ་པ་རིགས་སྣ་མང་པོ་མཐོང་ཐུབ་པ་རེད། ཟམ་པ་ལ་ལ་ནི་ས་ཁུལ་གཞན་པར་གཏན་ནས་མཐོང་རྒྱུ་མེད་པའང་ཡོད།

གསར་འགད་པས་སྟབས་བདེའི་སྤྱི་བསྡོམས་བྱ་རྒྱུར། མེ་ཏོག་རྫོང་གི་མངའ་ཁོངས་སུ་ཡར་ཀླུང་གཙང་བོ་བརྒལ་བའི་ཟམ་པ་ཉུང་མཐར་ཡང་རིགས་བཞི་ཡོད་པ་རེད། ལོ་རྒྱུས་དུས་རིམ་མི་འདྲ་བའི་ཟམ་པ་དག་གནས་འདིར་ཡོངས་སུ་ཉར་ཚགས་བྱས་ཏེ། གསོན་ཉམས་ལྡན་པའི་ངང་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྗོད་བཞིན་ཡོད།

ཡར་ཀླུང་གཙང་བོའི་སྟེང་དུ། རི་མཐོ་གཡང་གཟར་གྱི་བར་གསེང་དུ། ཅུང་སྦོམ་པའི་ལྕགས་ཐག་གིས་གཙང་བོའི་ངོགས་གཉིས་འབྲེལ་ཡོད་ལ། སྣེ་གཅིག་མཐོ་བ་དང་སྣེ་གཅིག་དམའ། རིང་ཚད་ལ་རྒྱུན་ལྡན་དུ་སྨི་ལྔ་ནས་སུམ་ཅུ་བར་ཡོད། དེ་ནི་བོད་ལྗོངས་ཀྱི་ཆེས་གདོད་མའི་འགྲིམ་འགྲུལ་ཡོ་ཆས་ལྕགས་ཟམ་ཡིན་པ་རེད། ཟམ་པ་དེ་འདྲར་བརྒལ་ཐབས་ནི་ཤུད་འཁོར་གཞུང་ལུགས་འཚོ་བའི་ཁྲོད་དུ་སྤྱད་པ་ཡིན། མི་དང་དངོས་ཟོག་ཚང་མ་དམ་པོར་བཅིངས་རྗེས། ཨ་ལོང་གིས་ལྕགས་ཐག་སྟེང་དུ་བརྟན་པོར་འབྲེལ་ཏེ་དམའ་ཕྱོགས་སུ་ཤུད་དེ། གཙང་བོའི་ཕྱོགས་གཅིག་ནས་ཕྱོགས་གཞན་པར་བརྒལ་བ་རེད།

པད་མ་དབང་འདུས་ནི་བོད་ལྗོངས་མེ་ཏོག་རྫོང་གི་བགྲེས་སོང་ཞིག་ཡིན་པས། ཁོང་རང་གིས་ཟམ་པ་དེ་དག་གི་ལོ་རྒྱུས་འགྱུར་ལྡོག་དངོས་སུ་མཐོང་ཡོད་པ་རེད། སྐབས་ལ་ལར་འདྲིད་འཐེན་འཁོར་ལོ་སོ་སོར་གཏོར་རྗེས་ལྷུ་ལག་རེ་རེ་བཞིན་གཙང་བོའི་ཕ་རོལ་དུ་སྐྱེལ་དགོས་པ་ཡིན། འདུས་དོན་དེ་དག་གླེང་བའི་སྐབས་སུ། ཁོང་གི་གདོང་དུ་ཕྱིར་དྲན་གྱི་བརྩེ་བས་ཁེངས་འདུག

ལོ་རྒྱུས་ཅུང་རིང་བའི་དྲ་ཚགས་ཀྱི་ཟམ་པ་ནི་ལྕགས་སྐུད་ཀྱི་དྲ་བ་ངོས་མཉམ་དུ་ཡར་ཀླུང་གཙང་བོའི་ངོས་སུ་འཐེན་ཡོད་པ་དེ་རེད། ལྕགས་སྐུད་ཀྱི་བར་གསེང་དུ་གདོད་མའི་ནགས་ཚལ་དུ་སྐྱེས་པའི་རྩི་ཤིང་གིས་སྦྲེལ་ནས་དྲ་ཚགས་ཀྱི་རྣམ་པ་གྲུབ་ཡོད། ཆེས་མཛེས་ཉམས་ལྡན་པའི་དྲ་ཚགས་ཟམ་པར་སྒོར་དབྱིབས་ཀྱི་རྣམ་པ་མངོན་པ་དང་། ལམ་འགྲོ་བར་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་བཟོས་ཡོད།

ཟམ་པ་དེ་འདྲའི་སྟེང་དུ་བགྲོད་སྐབས། བལྟས་ཚོད་ཀྱིས་བདེ་འཇགས་ཡིན་པ་དང་། པར་བསྐྱོན་ཡང་ཧ་ཅང་མཛེས་སྡུག་ལྡན། ཡིན་ནའང་ཟམ་པ་འདེགས་བྱེད་ཀྱི་ཀ་བ་མེད་པས། མི་སྟེང་དུ་སོང་ཚེ་གཡོ་འགུལ་ཆེ་བས་སྐྲག་སྣང་བསྐྱེད་པ་ཞིག་ཡིན། སྤོབས་སེམས་ཆེ་བའི་བོད་ལྗོངས་ཀྱི་རྒན་པོ་ཞིག་གིས་རང་ཉིད་དྲ་ཚགས་ཟམ་པར་བགྲོད་པའི་ལོ་རྒྱུས་བཤད། སྟེང་དུ་སོང་དུས་ཕར་གཡོ་ཚུར་གཡོ་བྱེད་བཞིན་ཡོད་པ་དང་། རྐང་འོག་ཏུ་གཡང་རོང་དང་གཙང་ཆུ་དྲག་ཏུ་བཞུར་བཞིན་ཡོད་པས། ཁོང་རང་གོམ་པ་བཅུ་ཙམ་སོང་རྗེས་ཕྱིར་ཁ་འཁོར་ནས་ཡོང་བ་ཡིན་ཞེས་བཤད།

སྐབས་དེའི་འགྲིམ་འགྲུལ་གནས་ཚུལ་དེ་མི་སེར་ཚོས་གསོན་ཉམས་ལྡན་པའི་ངང་བརྗོད་རྒྱུར། ཕྲ་ཞིང་རིང་བའི་ཟམ་པ་དེ་དག་སྤྲེའུ་བགྲོད་སའི་ལམ་ཕྲན་དང་འདྲ་ཞེས། བོད་ལྗོངས་ཀྱི་འགྲིམ་འགྲུལ་རྗེས་ལུས་ཀྱི་རྣམ་པ་ཕྱིར་མངོན་བྱས།

༢༠༠༩ ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་ཆེད་དུ་མ་དངུལ་བཏང་སྟེ། བོད་ལྗོངས་ཀྱི་ལྕགས་ཟམ་དང་དྲ་ཚགས་ཟམ་པ་བཟོ་བཅོས་བྱས། དེའི་རྗེས་སུ་ཡར་ཀླུང་གཙང་བོའི་སྟེང་དུ། ལྕགས་ཟམ་དང་དྲ་ཚགས་ཀྱི་ཟམ་པ་ནི་རིམ་བཞིན་དུ་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་མཚོན་བྱེད་རིག་དངོས་ཞིག་ཏུ་གྲུབ་སྟེ། ཨར་འདམ་གྱི་ཟམ་པ་སོགས་ཀྱིས་དེའི་ཚབ་བྱས་པ་རེད།

དཔྱང་ཟམ་ནི་གཙང་བོའི་སྟེང་དུ་ལྕགས་སྐུད་སྦོམ་པོ་གཉིས་ཕན་ཚུན་འབྲེལ་ནས། དེའི་སྟེང་དུ་སྨིད ༡.༥ ཡས་མས་ཀྱི་ལྕགས་ལེབ་དཔྱང་སྟེ་གྲུབ་པ་ཞིག་ཡིན། ཟམ་པ་དེ་འདྲའི་སྟེང་དུ་འཕྲུལ་རྟ་སོགས་འགྲིམ་འགྲུལ་ཡོ་ཆས་ཆུང་ཆུང་བགྲོད་ཐུབ། ཨར་འདམ་གྱི་ཟམ་པ་ལ་ཟམ་ངོས་བརྟན་པོ་ཡོད་པ་དང་ཞེང་རྒྱའང་ཆེ་བས། རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་ཆས་བགྲོད་ཆོག་པ་རེད།

པད་མ་དབང་འདུས་ཀྱིས། ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཧ་ཅང་མགྱོགས་པས། མི་སེར་རྣམས་ཡུལ་སྐོར་དང་སྐྱེལ་འདྲེན་ལས་རིགས་སོགས་ལ་བརྟེན་ནས་ཕྱུག་འགྱུར་བྱུང་ཡོད་ལ། ཁྱིམ་ཚང་མང་པོར་འཕྲུལ་རྟ་དང་ཐ་ན་རླངས་འཁོར་ཡང་ཡོད་པས། ཕྱི་རོལ་དང་འབྲེལ་བ་ཇེ་མང་ནས་ཇེ་མང་དང་། འགྲིམ་འགྲུལ་ཡང་སྔར་ལས་སྟབས་བདེ་བྱུང་ཡོད་པ་རེད་ཅེས་བཤད།

པད་མ་དབང་འདུས་ཀྱིས། སྔོན་དུས་སུ་རླངས་འཁོར་ཡོད་ཀྱང་བགྲོད་ལམ་མང་པོ་ཤར་གཏོང་བྱུང་མེད་པས་ད་ལྟ་དང་མི་འདྲ་བ་རེད། ཁྱེད་ཀྱིས་ལྟོས་དང་ན་གཞོན་མང་པོ་འཕྲུལ་རྟ་ཞོན་པར་དགའ་བས། གཙང་བོར་བགྲོད་སྐབས་ཀྱང་དཔྱང་ཟམ་ཡོད་ཚེ་ཐེ་ཚོམ་ཅི་ཡང་མེད་པར་བགྲོད་འགྲོ་ཞེས་བཤད་པ་རེད།

དོན་དངོས་སུ་མེ་ཏོག་རྫོང་གི་འགྲིམ་འགྲུལ་འགྱུར་ལྡོག་ནི་བོད་ལྗོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དཔེ་མཚོན་ལྟ་བུ་ཡིན་པ་རེད།

གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་དུ། རྒྱལ་ཁབ་ཀྱིས་ཁྲོན་བོད་གཞུང་ལམ་དང་ཤིན་བོད་གཞུང་ལམ། ཡུན་བོད་གཞུང་ལམ། ཀྲུང་བལ་གཞུང་ལམ་བཅས་བཟོ་བཅོས་འཛུགས་སྐྲུན་ཐད་ལ་མ་དངུལ་འབོར་ཆེན་བཏང་། རྒྱ་ཆེ་བའི་ཞིང་འབྲོག་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ཐད་ལ་རྒྱུན་ཆད་མེད་པར་མ་དངུལ་གཏོང་འཇོག་ཚད་ཇེ་ཆེར་བཏང་། ལྷ་ས་དང་ཉིང་ཁྲི་སོགས་ཀྱི་གནམ་གྲུ་ཐང་རྒྱ་བསྐྱེད་བཏང་། ད་ལོར་བོད་ལྗོངས་ཀྱིས་ད་དུང་མ་དངུལ་སྒོར་དུང་ཕྱུར 213བཏང་ནས་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། གཞུང་ལམ་སྤྱི་ལེ 5000ཇེ་རིང་གཏོང་རྒྱུ་ཡིན་པ་རེད།

2013 ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་རྫོང་ཁག་སོ་སོའི་བར་དུ་གཞུང་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་བྱེད་ལ། ཡུལ་ཚོ་དང་གྲོང་རྡལ་གྱི་གཞུང་ལམ་ཤར་གཏོང་ཚད་བརྒྱ་ཆའི99.7ཟིན་པ་དང་། གྲོང་སྡེ་རིམ་པའི་གཞུང་ལམ་ཤར་གཏོང་ཚད་བརྒྱ་ཆའི97.4ཟིན་པ་བཅས་བྱས་ནས་བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་ཤར་གཏོང་རིང་ཚད་སྤྱི་ལེ 70000བརྒལ་པར་བརྩོན་ལེན་བྱས་ནས། ། འགྲིམ་འགྲུལ་རྗེས་ལུས་ཀྱི་རྣམ་པ་དེ་སྔོན་ཐོན་དུ་བསྒྱུར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག