མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཤང་གྲོང་དགེ་རྒན་ལས་བཟོ་བར་འཚོ་བའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-04 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན།  བོད་ལྗོངས་ཀྱི་ཤང་གྲོང་དགེ་རྒན་ལས་བཟོ་བའི་ཐོབ་ཐང་མཐོར་འདེགས་སུ་གཏོང་ཆེད།  ད་ལོ་ནས་བཟུང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཤང་གྲོང་དགེ་རྒན་ལས་བཟོ་བར་འཚོ་བའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱས་པ་དང་།  དགེ་རྒན་ལས་བཟོ་བ་ཁྲི1.6ལ་ཕན་ཁེ་ཐོབ།

བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་མྰ་ཧྲིན་ཁྲང་གིས་མཚམས་སྦྱོར་བྱས་པ་ལྟར་ན།  སྔར་ལས་ལྷག་པར་བོད་ལྗོངས་ཀྱི་ཤང་གྲོང་དགེ་རྒན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ།  ཤང་གྲོང་གི་སློབ་གསོ་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་བྱེད་ཆེད།  བོད་ལྗོངས་ཀྱིས2014ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་བོད་ལྗོངས་ཡོངས་ཀྱི་ཤང་གྲོང་དགེ་རྒན་ལས་བཟོ་བར་འཚོ་བའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་ཀྱིན་ཡོད་ལ། དེའི་ནང་བོད་སྐྱོར་དགེ་རྒན་དང་གན་བཞག་ལས་བཟོ་བ་བཅས་འདུས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག