མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཧྲང་ཧའེ་ཡི་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་སློབ་ཐོན་སློབ་མ300བསྡུ་རྒྱུ་དང་ལས་གནས271འདོན་སྤྲོད་བྱས་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-04 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན་བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་སྒྲུབ་ཁང་གིས་ཧྲང་ཧའེ་ཡི་ཁེ་ལས་ཀྱིས་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་བསྡུ་བའི་ལས་གནས་ཆ་འཕྲིན་སྤྱི་བསྒྲགས་ཁྱབ་བསྒྲགས་གནང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁེ་ལས62ཀྱིས་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་རྣམས་ལ་ལས་གནས271འདོན་སྤྲོད་བྱས་ཡོད་ཅིང་། ཐོ་འགོད་དུས་ཚོད་ནི་ཟླ6པའི་ཚེས12ཉིན་བར་རེད།

གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་ཁེ་ལས་ཀྱིས་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་བསྡུ་བའི་ལས་གནས་ཆ་འཕྲིན་གྱི་རེའུ་མིག་ཐོག ཁེ་ལས62ཀྱིས་ལས་གནས271འདོན་སྤྲོད་བྱས་ཡོད་པ་མཐོང་། ལས་གནས་དེ་དག་ནང་། བཟོ་བཀོད་མཁན་དང་། ཨར་ཁང་གི་དོ་དམ། རྩིས་གཉེར་སོགས་ཀྱི་ལས་གནས་ཚུད་འདུག་པ་དང་། ལས་མི་མཁོ་བའི་ལས་ཁུངས་སོ་སོས་ཆེད་ཚན་དང་། དངོས་གཞི། རབ་འབྱམས་པ་བཅས་སོ་སོར་འཚམ་པའི་ལས་གནས་འདོན་སྤྲོད་བྱས་འདུག དེ་དག་ལས་ལག་རྩལ་རིགས་ཀྱི་ལས་གནས་ཡོན་ཚད་ཐད་ཀྱི་རེ་བ་ཅུང་མཐོ་བ་ནི། དཔེར་ན་ཁོར་ཡུག་ལྟ་སྐུལ་ཚད་འཇལ་ཆེད་ལས་དགེ་རྒན་གྱིས་སློབ་ཐོན་སློབ་མར་བཏོན་པའི་བླང་བྱ་ནི་ཁོར་ཡུག་ལྟ་སྐུལ་ཚད་འཇལ་ཆེད་ལས་སམ་རྫས་འགྱུར་དབྱེ་ཞིབ་ཆེད་ལས་སློབ་ཐོན་སློབ་མ་ཡིན་དགོས་པ་དང་། ཡོན་ཚད་རབ་འབྱམས་པ་ཡན་ཡིན་དགོས་པ་ལྟ་བུ་ཡིན།

བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་སྒྲུབ་ཁང་གིས་དྲན་སྐུལ་གནང་བ་གཤམ་གསལ་ཏེ། ཧྲང་ཧའེ་རུ་ལས་ཀར་ཞུགས་འདོད་ཡོད་པའི་སྐྱེས་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གཞུང་ཕྱོགས་དྲ་བའི(www.xz.hrss.gov.cn)ཐོག་《བོད་རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཐོ་འགོད་རེའུ་མིག》དང་ལས་གནས་ཆ་འཕྲིན་ཕབ་ལེན་བྱས་རྗེས། འབྲེལ་ཡོད་ཆ་འཕྲིན་ཡང་དག་བསྐངས་ནས་གློག་རྡུལ་ཡིག་སྒམ་bys0891@163.comནང་བསྐུར་རོགས་ཞུ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག