མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར1244.8དོན་འཁྱོལ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-06-04 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ལྗོངས་ཡོངས་ཀྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར1244.8བཏང་བ་དོན་འཁྱོལ་བྱས་ཤིང་། དེ་ནི་འཆར་འགོད་ཀྱི་མ་དངུལ་སྤྱིའི་གཏོང་འཇོག་གི་བརྒྱ་ཆའི56.1ཟིན་པ་རེད།

ད་ལོའི་ཚུན་ལ། ས་གནས་ཁག་གི་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་སྒྲིག་གཤོམ་ལྟར། ལོ་ལྔ་ཚན་བཅུ་གཉིས་པའི་རྣམ་གྲངས་འཆར་འགོད་གཞིར་བཟུང་སྟེ། སེམས་ཤུགས་གཅིག་སྒྲིལ་དང་། གསར་གཏོད་གསར་སྤེལ། ལམ་ལུགས་འཐུས་ཚང་། ལས་དོན་ཏན་ཏིག་བཅས་སྒྲུབ་ནས་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་བ་འབྱུང་བར་བརྩོན་ལེན་བྱས། ཟླ་དང་པོ་ནས5བའི་བར་དུ་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར179དོན་འཁྱོལ་བྱས་པ་དང་། དེ་ནི་ལོའི་མ་དངུལ་གཏོང་འཇོག་འོས་འགན་གྱི་བརྒྱ་ཆའི35.6ཟིན། 236རྣམ་གྲངས་ལས་རྣམ་གྲངས16ལེགས་འགྲུབ་བྱུང་བ་དང་། རྣམ་གྲངས183འཛུགས་སྐྲུན་བྱེད་མུས་ཡིན། ད་ལྟ་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་ཀ་བདེ་བླག་ངང་སྤེལ་བཞིན་ཡོད་ལ། ལས་གཞིའི་གཞི་ཁྱོན་མུ་མཐུད་རྒྱ་བསྐྱེད་ཅིང་། འཛུགས་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་ཡོད་པ་རེད། དུས་མཚུངས་སུ་རང་སྐྱོང་ལྗོངས་ཀྱིས་ཞིབ་མཆན་ལས་ཀ་ཉིང་བསྡུས་བྱས་ཏེ། བོད་རང་སྐྱོང་ལྗོངས་འཆར་འགོད་ནང་སྲིད་གཞུང་གི་མ་དངུལ་གཏོང་འཇོག་གི་རྣམ་གྲངས་ཞིབ་མཆན་དབང་ཚད་གཤམ་སྤྲོད་གནང་ཞིང་། འབྲེལ་ཡོད་གཞི་རྩའི་འཛུགས་སྐྲུན་གྱི་དོ་དམ་ལམ་ལུགས་སོགས་འཐུས་ཚང་དུ་བཏང་བ་དང་། ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་གེགས་མེད་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་སྤེལ་བྱས།

རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ༣པའི་ནང་། རྒྱལ་ཁབ་བཅོས་བསྒྱུར་གོང་སྤེལ་ཨུ་ལྷན་གྱིས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ཀྱི་དུས་སྐབས་བར་མའི་སྙོམས་སྒྲིག་ཇུས་གཞི་དཔར་འགྲེམ་གནང་། སྙོམས་སྒྲིག་རྗེས་སུ་བོད་ལྗོངས་ཀྱི་རྣམ་གྲངས་ཁྱོན་སྡོམ236བཀོད་སྒྲིག་གནང་ཞིང་། ཐོག་མའི་རྣམ་གྲངས226ནས236ཇེ་མང་དུ་བཏང་བ་དང་། འཆར་འགོད་མ་འཇོག་སྒོར་དུང་ཕྱུར1931ནས2217ཇེ་མང་དུ་བཏང་། མ་འཇོག་ཁ་སྣོན་རྐྱང་བ་སྒོར་དུང་ཕྱུར286བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་དྲོད་འདོན་ལས་གཞི་དང་། བོད་ལྗོངས་ནང་བསྟན་སློབ་གླིང་རྒྱ་བསྐྱེད་ལས་གཞི། དགོན་སྡེའི་བདེ་འཇགས་བཏུང་ཆུའི་ལས་གཞི། འགྲམ་འགག་སྒོའི་ལ་གཟར་འགོག་བཅོས་ལས་གཞི། བོད་ལྗོངས་ཀྱི་གཙང་གཉིས་ཆུ་བཞིའི་རྒྱུད་ཀྱི་སྐྱེ་ཁམས་ནགས་འདེབས་ལས་གཞི། ལྷ་ཀླུ་འདམ་ར་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དུས་སྐབས་གསུམ་པའི་ལས་གཞི་སོགས་ཀྱི་རྣམ་གྲངས་ཁ་སྣོན་བརྒྱབ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག