མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-12 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གཙོ་གཉེར་ལས་ཁུངས་ཀྱིས་ཆོག་མཆན་གནང་སྟེ། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ཚོགས་པས་གཙོ་སྒྲུབ་བྱས་པའི“ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ”དེ་ད་ལོའི་ཟླ8པར་ལྷ་ས་ནས་སྤེལ་རྒྱུ་ཡིན་ཞིང་། རྒྱུས་ལོན་པ་ལྟར་ན་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་འགོ་ཚུགས་མཛད་སྒོ་དང་། ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལེགས་ཤས་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་ཉོ་ཚོང་འདུ་ཚོགས། ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་མཐོ་རིམ་གླེང་སྟེགས་སོགས་ཀྱི་རིག་གནས་བྱ་འགུལ་སྤེལ་རྒྱུ་རེད།

ཐེངས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་བསྡུ་བའི་དམིགས་ཡུལ་ནི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོབ། དར་སྤེལ་དུ་གཏོང་བའི་ཁར། ཐང་གའི་སྒྱུ་རྩལ་གྱི་རྒྱུད་འཛིན་དང་འཕེལ་རྒྱས་ལ་དཔྱད་བསྡུར་བྱེད་པ། ཐང་གའི་སྒྱུ་རྩལ་གྱི་ཚོང་ར་དར་སྤེལ་དང་། ཐང་གའི་སྒྱུ་རྩལ་ཉོ་འཚོང་གི་སྟེགས་བུ་བསྐྲུན་པ། དེ་མིན་ཐང་གའི་སྒྱུ་རྩལ་ཐོན་ལས་ཀྱི་ཚོང་རྫས་གྲགས་ཅན་གཏོད་ནས་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་སྤྱི་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག