མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་ལག་རྩལ་གསོ་སྦྱོང་ཁྱབ་ཁོངས་རྒྱ་བསྐྱེད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་གཞིས་རྩེ་ས་ཁུལ་གྱིས་མི6000ལྷག་རྩ་འཛུགས་བྱས་ཏེ་རིགས་སོ་སོའི་ལག་རྩལ་གསོ་སྦྱོང་ཁྲོད་ཞུགས་རྒྱུ་ཡིན་ཞིང་། དེའི་ནང་རླངས་འཁོར་སྐོར་བ་དང་། འདོན་འཇུག་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་བྱེད་ཚུལ། སྨྱུག་ཆས་སླེ་བ། མི་རིགས་རི་མོ་འབྲི་བ། ཤིང་བཟོ་དང་། འདེབས་འཛུགས། གསོ་སྤེལ་སོགས་བཟོ་རིགས20ལྷག་འདུས།

རྒྱུས་ལོན་པ་ལྟར་ན། གོང་གི་གསོ་སྦྱོང་ནང་དོན་དེ་དག་ནི་གཞིས་རྩེ་ས་ཁུལ་གྱིས་ཉེ་བའི་ལོ་འགའི་རིང་གི་ལས་ཞུགས་ཁ་ཕྱོགས་དང་ས་ཁུལ་གྱི་རྣམ་གྲངས་ཆེ་ཤོས་འཛུགས་སྐྲུན་འཆར་གཞི་ལ་དམིགས་ནས་ལས་ཞུགས་དགོས་མཁོ་དབྱེ་ཞིབ་བྱས་གཏན་ཁེལ་བྱས་པ་ཡིན་ཏེ། གསོ་སྦྱོང་སྐོར་ཐེངས་གཅིག་བྱས་པ་ལས་མི་སྐོར་ཐེངས་གཅིག་ལས་ལ་ཞུགས་ཐུབ་པ་དང་། རོང་འབྲོག་མང་ཚོགས་སྐོར་ཞིག་ཁྲིད་དེ་ཕྱུག་སྒྱུར་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད། ཐེངས་འདིའི་གསོ་སྦྱོང་རིང་ནུབ་རྒྱུད་ཀྱི་རྫོང9ལྟེ་གནས་སུ་བཞག་སྟེ། རྫོང་སོ་སོའི་ལས་རིགས་སློབ་གྲྭ་གསོ་སྦྱོང་གི་གཙོ་གནད་དུ་བཟུང་ནས། ནུས་ཤུགས་ཡོད་དགུའི་ནུབ་རྒྱུད་ལག་རྩལ་བྱ་འགུལ་ལམ་ནུབ་རྒྱུད་ན་གཞོན་ངལ་རྩོལ་བ་རེ་རེར་ལག་རྩལ་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པར་རྩ་འཛུགས་བྱས་ཏེ། ངལ་རྩོལ་བའི་བྱང་ཚད་ཇེ་མཐོ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག