མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་ས་ཁུལ་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར16.12ལེགས་འགྲུབ་བྱས་ཏེ་དུས་མཉམ་ལས12.4%འཕར་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ3པའི་བར་ཉིང་ཁྲི་ས་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ལམ་ཕྱོགས་གཙོ་བོ་རུ་རྩིས་ནས། ཐོན་ལས་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་ལ་སྙོམས་སྒྲིག་བྱས་པས། དམངས་འཚོའི་ལས་དོན་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་། སྤྱི་ཚོགས་གནས་བབ་དེ་བས་བརྟེན་རླིང་ཡིན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་རྣམ་པ་ཡག་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད།

ཉིང་ཁྲི་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཧྲི་ཅོན་གྱིས་བཤད་རྒྱུར། ད་ལོའི་དུས་ཚིགས་དང་པོར་ཉིང་ཁྲི་ས་ཁུལ་གྱིས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར16.12ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས12.4%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་གྱི་དངུལ་གཏོང་སྒོར་དུང་ཕྱུར9.1ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས37.21%འཕར། ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར1.63ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས31.73%འཕར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་སྒོར་མོ་ཡོང་སྒོ་སྒོར1373.6ལ་སླེབས་པ་དང་དུས་མཉམ་ལས18.6%འཕར་ཡོད་དེ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར1.39ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས11.1%བཅས་འཕར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག