མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“སྒོ་མོ་འབྱེད་པར”བྱ་ཐབས་སྤྱོད་མཁས་པོ་བྱེད་དགོས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:33

    མང་ཚོགས་ནི་མེ་ལོང་ལྟ་བུ་དང་མང་ཚོགས་ནི་སྨན་པ་ལེགས་ཤོས་ཡིན། སྒོ་མོ་འབྱེད་པའི་བྱེད་སྒོ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྱད་ཆོས་ཆེ་ཤོས་ཡིན། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་རིམ་ཁག་དང་སྡེ་ཚན་ཁག་གིས་སྒོ་མོ་འབྱེད་པའི་བྱེད་སྒོ་འགོ་ནས་མཇུག་བར་ཁྱབ་པ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་དང་འབོད་སྒྲའི་ཁྲོད་ནས་གནད་དོན་ཤེས་རྟོགས་དང་། སྤྱོད་ཚུལ་བརྗེ་སྒྱུར། ལས་དོན་ལེགས་གཉེར་བཅས་བྱས་པས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད།

    གྲུབ་འབྲས་ཐོབ་པ་མཐོང་ཐུབ་པ་དགོས་ལ་བསམ་འཆར་འདོན་སྐབས་ལ་ལས་འབོད་ཚིག་གྲགས་པ་དང་ཕྱི་ཚུལ་ཙམ་བྱེད་པའང་མཐོང་ཐུབ། “སྒོ་མོ་འབྱེད་པར”ཐབས་སྤྱོད་མཁས་པོ་བྱེད་དགོས་ཀྱི་རེད། བྱ་ཐབས་མི་འདྲ་བའི་ཐོག་ནས་སྒོ་མོ་འབྱེད་མཁན་གྱི་རྣམ་འགྱུར་མི་འདྲ་བ་མཚོན་ཐུབ་ལ་མི་དེའི་ནང་འཛུལ་ཐུབ་མིན་དང་སྐད་ཆ་ཤོད་ཐུབ་མིན་ལ་རག་ལུས་ཡོད།

    དངོས་འབྲེལ་གྱི“སྒོ་མོ་འབྱེད་པ”ནི་སྦྱིན་བདག་གིས་ཁང་པའི་སྒོ་འབྱེད་དགོས་པ་མ་ཟད་ད་དུང་མགྲོན་པོར་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་དགོས་ཀྱི་རེད། དེ་ལྟར་བྱས་ཚེ་ལྷག་བསམ་རྣམ་དག་གིས་སྒོ་མོ་ཕྱེ་ནས་གསལ་འདེབས་དང་ལེན་ཞུ་ཐུབ་ལ་མང་ཚོགས་ཀྱིས་ཀྱང་སེམས་ནང་གི་སྐད་ཆ་ཤོད་པ་དང་མགྲོན་བདག་གཉིས་ཀ་དགའ་པོ་བྱུང་ནས་དམིགས་ཡུལ་གྲུབ་ཐུབ་ཀྱི་རེད། རིང་མིན་དུ་སྨྱུག་འཛིན་པས་བཅར་འདྲི་བྱེད་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་སྡེ་ཁུལ་གྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་འཕྲིན་ཐུང་གི་སྤྱི་དམངས་སྟེགས་བུ་བཏོད་དེ་གྲོང་མིས་ཤོད་བསམ་པ་འབྲི་མི་ཐུབ་པ་དང་བསམ་འཆར་མདུན་དུ་བཏོན་མི་ཕོད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དམངས་སེམས་བདེ་ལ་འཁོད་ཆེད་སེམས་ནུས་ཡོད་རྒུ་བཏོན་ཡོད། སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་རིམ་ཁག་དང་སྡེ་ཚན་ཁག་གིས་དྲེགས་མེད་ཁེངས་སྐྱུང་དང་གཏམ་ལམ་རྒྱ་འབྱེད་བྱས་ནས“ངའི་ཁྱིམ་གྱི་རྒྱལ་སྒོ་རྒྱུན་དུ་འབྱེད་པས་སྐུ་ཉིད་ཕེབས་རྒྱུར་དགའ་བསུ་ཞུ”ཐུབ་ནས་མེ་ལོང་ལྟ་རྒྱུ་དེ་ཕྱི་ཚུལ་ཙམ་མིན་པར་ནད་བཅོས་པར་སྨན་སྦྱོར་རྟ་ཡག་པོ་ཞིག་བྱེད་དགོས་ཀྱི་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག