མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཏུང་ཡུན་ཧུའུ་ཡིས་ལྗོངས་ཡོངས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག གཙོ་གནད་དམ་འཛིན་དང་ཁྱད་ཆོས་འབུར་ཐོན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:33

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཡོངས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དགུ་པ་དང་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚེས་དགུ་ཉིན་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཏུང་ཡུན་ཧུའུ་ཡིས་ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་རང་ལྗོངས་ཀྱི་རིག་གནས་སྒྱུར་བཅོས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་ཁག་ལྔ་བཏོན་པ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ནས་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགན་འཁྲི་སྔར་ལས་ལྷག་པ་ཁུར་དགོས་པ་དང་། གཉིས་ནས་ཁ་ཕྱོགས་མི་འཛོལ་བ་དང་ཁྱད་ཆོས་འབུར་ཐོན་ཡོང་བའི་ཐོག་ནས་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་དམངས་འཚོ་ལེགས་སུ་གཏོང་བའི་གལ་ཆེའི་ཕྱོགས་ཤིག་ཏུ་བརྩི་བ། གསུམ་ནས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་འབུར་ཐོན་གྱི་ཐོག་ནས་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རིག་གནས་ཀྱི་ཁེ་ལས་རྐང་འཛིན་ཁག་གཅིག་སྟོབས་ཆེར་གཏོང་རྒྱུ་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་རིག་གནས་ཐོན་རྫས་ཁག་གཅིག་གཙོ་གནད་ཐོག་འཕེལ་རྒྱས་གཏོང་དགོས་པ། བཞི་ནས་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རང་ལྗོངས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་བཟོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རིག་གནས་སྒྲིག་གཞི་སྒྱུར་བཅོས་ཀྱི་སྲིད་ཇུས་སྐོར་གྱི་ཡིག་ཆར་ཞིབ་འཇུག་ནན་ཏན་བྱས་ཐོག་ད་ཡོད་ཀྱི་སྲིད་ཇུས་དང་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་བདེ་བླག་ངང་འཕེལ་རྒྱས་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པ། ལྔ་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྟོབས་ཤུགས་མཉམ་འདུས་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་སོ།(སྒྱུར་ཞུས་པ་ཨོ་པ)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག