མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ལག་བསྟར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ།

དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་གོང་མཐོར་གཏོང་བའི་ལས་དོན་མུ་མཐུད་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ལག་བསྟར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་མཉམ་འབྲེལ་ཚོགས་འདུ་ལྗོངས་ཚན་རྩལ་མཐུན་ཚོགས་སུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ལག་བསྟར་བྱེད་ཚུལ་ལ་ཕྱོགས་སྡོམ་བྱས་པ་དང་2014ལོར་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་གོང་མཐོར་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཀྱི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ལག་བསྟར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་མོང་ཏེ་ལི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་2014ལོ་ནི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཀྱི་རྩ་གནད》ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཚན་རིག་བྱང་ཚད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཇུས་ཤུགས་མཉམ་འདོན་བྱེད་པ་དང་། གཙོ་གནད་མངོན་གསལ་དུ་འཇོག་པ། རོགས་རེས་གཞོགས་འདེགས་བྱེད་པ། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཚན་རྩལ་ཤེས་བྱ་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་གཙོ་གནད་མི་ཚོགས་ཆེ་ཁག་གཉིས་ཡིན་པའི་གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་པའི་ཚན་རིག་བྱང་ཚད་གོང་མཐོར་གཏོང་བ། ཚན་རྩལ་ཤེས་བྱ་ཁྱབ་གདལ་གྱི་ལས་དོན་དཔུང་ཁག་དང་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཛུགས་སྐྱོང་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག