མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འདི་གར་ཏང་དར་ལྷབ་ལྷུབ་གཡོ།

རྒྱལ་རྩེ་རྫོང་གཙང་ཁ་ཤང་རྩའོ་གྲོང་ཚོས་ཏང་འཛུགས་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

    2014-05-12 09:32

    རྩའོ་གྲོང་ཚོ་དེ་མྱང་ཆུ་གཙང་པོའི་ནུབ་ངོགས་སུ་གནས་པ་དང་ས་མ་འབྲོག་ཁུལ་ཞིག་ཡིན་ལ་དེ་སྔ་དབུལ་ཕོངས་རྗེས་ལུས་ཀྱི་རི་གྲོང་ཞིག་རེད། ད་ཕན་ལོ་ཤས་རིང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ནང་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་སྣེ་ཁྲིད་དེ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་སྟེ་རྒྱལ་རྩེ་རྫོང་གི་གྲོང་ཚོ་ཕྱུག་པོའི་གྲས་སུ་གྱུར་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ཆེ་རུ་བཏང་བ།

    གྲོང་ཚོའི་ཏང་ཡོན་ལྷག་མཚམས་ཀྱིས་གསར་འགོད་པར“ང་ཚོའི་གྲོང་ཚོ་དངོས་འབྲེལ་འཕེལ་རྒྱས་བྱུང་བ་ནི་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ཆ་ཚང་པོ་དང་ཧྲག་པོ་བཟོས་རྗེས་བྱུང་བ་ཞིག་རེད”ཅེས་བཤད་པ་རེད།

    མེ་འཁོར་མགྱོགས་པོ་འགྲོ་ཐུབ་པ་དེ་ནི་འཕྲུལ་འཁོར་ཨ་མར་རག་ལུས་ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཡག་པོ་ཞིག་ནི་གྲོང་ཚོ་འཕེལ་རྒྱས་ཡོང་བའི་འགག་རྩ་ཞིག་རེད། ད་ཕན་ལོ་ཤས་རིང་རྒྱལ་རྩེ་རྫོང་གིས་རྩའོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲག་པོ་ཡོང་བ་བྱ་རྒྱུ་ནས་འགོ་བཙུགས་ཏེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་དམངས་གཙོའི་འདེམས་བསྐོ་བྱེད་པ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན་མང་པོ་གཏོང་བ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་པ་བརྒྱུད་རྩའོ་གྲོང་ཚོའི་ཏང་ཀྲི་པུའུ་དེ་རྫོང་ཡོངས་སུ་སྐད་གྲགས་ཡོད་པའི་གཞི་རིམ་གྱི་ཚན་ཁག་ཡག་པོ་ཞིག་ཏུ་གྱུར་པ་རེད།

    ཏང་འཛུགས་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད་རྩའོ་གྲོང་ཚོའི་ཏང་ཡོན་ལས་བྱེད་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། གཟི་བརྗིད་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། “བསྡུར་སློབ་སྙེགས་རྒྱལ་རོགས་འཁྲིད”བཅས་ཀྱི་དར་སྲོལ་བཟང་པོ་རིམ་བཞིན་ཆགས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་བུ་ཆུང་གིས་གསར་འགོད་པར“ཏང་ཡོན་ལས་བྱེད་པའི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱ་ཆེད། ང་ཚོས་ད་དུང་གྲོང་ཚོའི་ནང་གི་གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་བཟོས་པར་བརྟེན་རང་རང་སོ་སོའི་ལེགས་ཆ་འདོན་ཐུབ་པ་བྱུང་བ་དང་། དུས་ཚིགས་རེར་ཞིབ་བཤེར་རེ་དང་དུས་ཚིགས་རེར་དཔྱད་འདེམས་རེ་བྱས་པས་རྩའོ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྔོན་ཐོན་རང་བཞིན་དང་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་ཟུང་འབྲེལ་དམ་ཟབ་བྱེད་ཐུབ་པ་བྱུང་ཡོད”ཅེས་བཤད་པ་རེད།

    སྣམ་བུར་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།

    རྩའོ་གྲོང་ཚོའི་ཤད་མ་འཐག་ཁང་ནང་སྐྱོད་སྐབས་འཐག་མཁན་བཅུ་གྲངས་ལྷག་ཙམ་གྱིས་ལག་རྩལ་བྱང་ཆུབ་པོས་ཤད་མ་འཐག་བཞིན་འདུག གཙང་ཁང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཡང་འཛོམས་ཀྱིས“རྩའོ་གྲོང་ཚོར་ཤད་མ་འཐག་པའི་སྲོལ་རྒྱུན་ཡོད་པ་དང་ད་ཆ་སྲོལ་རྒྱུན་གྱི་ལག་རྩལ་དེ་རྩའོ་གྲོང་ཚོའི་མི་རྣམས་ཕྱུག་པོར་འགྱུར་བའི་ཐབས་ལམ་གཙོ་བོར་གྱུར་ཡོད། རྩའོ་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་ལེགས་སྒྲིག་བྱས་རྗེས་ཐོག་མཐའ་བར་གསུམ་དུ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བཞིན་ཡོད་པ་དང་བཅར་འདྲི་དང་བརྟག་ཞིབ་བྱས་རྗེས་གྲོང་ཚོ་ཨུ་ལྷན་གྱི་ཚན་ཁག་གིས་རྩའོ་གྲོང་ཚོའི“ཐོན་ལས”ཆེན་པོ་ཞིག་སྟེ—ཤད་མ་འཐག་རྒྱུ་དེ་ཤེས་རྟོགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གྲོང་ཚོའི“ཨུ་ལྷན”གཉིས་ཀྱི་ཚན་ཁག་གི་འབད་བརྩོན་འོག་རྩའོ་གྲོང་ཚོའི་ཤད་མ་འཐག་ཁང་བཙུགས་ཤིང་། དང་ཐོག་འཐག་མཁན་13ལས་མེད། 2006ལོར་ཤད་མ་འཐག་ཁང་ལ་འཕེལ་རྒྱས་ཆེན་པོ་གཏོང་བའི་གོ་སྐབས་འཕྲད་པས་རྩའོ་གྲོང་ཚོས་བོད་སྐྱོར་མ་དངུལ་སྒོར་ཁྲི་60བརྩོན་ལེན་བྱས་ཏེ་ཤད་མ་འཐག་ཁང་རྒྱ་ཆེ་རུ་བཏང་བ་དང་འཐག་མཁན་ཡང་78བར་མང་དུ་ཕྱིན་ཡོད། ད་ཆ་འཐག་ཁང་གིས་ལོ་རེར་ཤད་མ་སྨི་2030འཐག་གི་ཡོད་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད་ཁར། དེའི་ཐོན་རྫས་མང་ཆེ་བ་ལྷ་ས་དང་གཞིས་རྩེ་སོགས་ས་ཁུལ་དུ་འཚོང་བ་དང་ཁག་གཅིག་ད་དུང་འགྲམ་འགག་སྒོ་བརྒྱུད་བལ་ཡུལ་སོགས་སུ་འཚོང་གི་ཡོད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།

    རོགས་སྐྱོར་ལས་དོན་གྱིས་མི་སེམས་དྲོད་པར་གྱུར།

    “གྲོང་ཚོའི་ཏང་ཀྲི་པུའུ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་ངའི་ཚབ་བྱས་ཏེ་བདེ་སྡོད་ལས་གྲྭའི་མ་དངུལ་སྒོར་ཁྲི་1ལྷག་ཙམ་སྔ་རྟིང་དུ་བཏང་བས་ངས་གཞི་ནས་ཁང་པ་གསར་པ་ཡག་པོ་དེ་འདྲ་རྒྱག་ཐུབ་པ་བྱུང”ཞེས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཚེ་རིང་གཡང་སྐྱིད་ཀྱིས་ཐོག་སོ་གཉིས་ལྡན་གྱི་ཁང་པ་དེ་སྟོན་བཞིན་གསར་འགོད་པར་ཁོང་གི་ཁང་པ་རྒྱག་པའི་བརྒྱུད་རིམ་ངོ་སྤྲོད་བྱས་བྱུང་།

    བུ་ཆུང་གིས“ད་ཆ་གྲོང་ཚོའི་ནང་དུད་ཚང་དབུལ་པོ་16ཡོད་པ་དང་གྲོང་ཚོའི་ཏང་ཀྲི་པུས་དུད་ཚང་དབུལ་པོའི་གནས་ཚུལ་ལ་དམིགས་ཏེ་བདེ་སྡོད་ལས་གྲྭ་དང་། ན་ཚ་བལྟ་བ། འབྲུ་རིགས་ཉོ་བ་སོགས་ཐད་དུས་རྒྱུན་ནས་རོགས་རམ་ངེས་ཅན་བྱེད་པ་དང་དངུལ་སྔ་རྟིང་བཏང་སྟེ་ཁོང་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་གནད་དངོས་སེལ་གྱི་ཡོད། ལོ་ཁ་ཤས་རིང་གྲོང་ཚོའི་མཉམ་སྡེབ་ཀྱིས་དངུལ་སྒོར་ཁྲི་11བཏོན་ཏེ་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་པ་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    བུ་ཆུང་གིས་གསར་འགོད་པར“2010ལོར་གྲོང་ཚོ་ཡོངས་ཀྱི་ཆུ་འཐག་གི་གནད་དོན་ཐག་གཅོད་བྱེད་ཆེད་གྲོང་ཚོའི་ཏང་ཀྲི་པུས་མ་དངུལ་སྒོར་ཁྲི་1.2བཏང་སྟེ་ཆུ་འཐག་བསྐྲུན་རྒྱུའི་ཐག་བཅད་པ་དང་རྒྱ་མ་རེར་འཐག་གླ་ཧྥིན་8རེ་བྱས་ཏེ་གྲོང་མི་ཚོའི་རྩམ་པ་བཏགས་པར་བརྟེན་གྲོང་ཚོ་ཡོངས་ཀྱི་དུད་ཚང་76དང་མི་436གི་རྩམ་པ་འཐག་པའི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་བཤད།

    དེ་འདྲ་བའི་གྲུབ་འབྲས་རེ་རེས་རྩའོ་གྲོང་ཚོར་མཚན་སྙན་མང་པོ་ཐོབ་པ་སྟེ། 2009ལོར་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོར་བདམས་པ་དང་། 2010ལོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་ཐོན་མཉམ་སྡེབ་གྲོང་ཚོར་བདམས་པ། 2012ལོར་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་ལ་བདམས་པ་བཅས་རེད།

    (བསོད་ནོར་དང་བསྟན་འཛིན་བློ་གྲོས་ཀྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག