མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྗོངས་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལྟ་ཞིབ་བྱེད་སྒོའི་སློབ་སྦྱོང་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ལྟ་ཞིབ་བྱེད་སྒོའི་སློབ་སྦྱོང་མཐུན་སྦྱོར་ཚོགས་འདུ་སྐོང་ཚོགས་བྱས་ནས《བྱ་གཏོར་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ》སོགས་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་སློབ་སྦྱོང་བྱས་པ་དང་ལྟ་ཞིབ་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བྱ་གཏོར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་འདས་མཇུག་བྱེད་སྟངས་ཤིག་ཡིན་པས་བྱ་གཏོར་དོ་དམ་ལས་དོན་དེ་བོད་མི་རིགས་ཀྱི་བརྩེ་དུང་དང་འབྲེལ་བ་ཡོད་པས་མི་རིགས་ཆོས་ལུགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པ་ཁག་གིས་བྱ་གཏོར་དོ་དམ་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་བོད་མི་རིགས་ཀྱི་འདས་མཇུག་གོམས་སྲོལ་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག