མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་བསྡུ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-11 10:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་རིག་གནས་གོང་འཕེལ་སྐུལ་སྤེལ་ཚོགས་པས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དེ་ད་ལོའི་ཟླ8པར་ལྷ་ས་རུ་བསྡུ་རྒྱུ་ཡིན་ཞིང་། སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་འགོ་རྩོམ་མཛད་སྒོ་དང་། ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལེགས་ཤས་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་ཉོ་འཚོང་འདུ་ཚོགས་སོགས་ཀྱི་རིག་གནས་བྱ་འགུལ་སྤེལ་རྒྱུ་རེད།

ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་བསྡུ་བའི་དམིགས་ཡུལ་ནི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོབ། དར་སྤེལ་དུ་གཏོང་བའི་ཁར། ཐང་གའི་སྒྱུ་རྩལ་གྱི་ཚོང་ར་གསོ་སྤེལ་དང་། ཐང་གའི་སྒྱུ་རྩལ་ཉོ་འཚོང་གི་སྟེགས་བུ་བསྐྲུན་ནས་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་་གོང་འཕེལ་དུ་གཏོང་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག